གཡག་རྔ་གྲོང་ཁྱེར་ཧན་ཡོན་གྲོང་རྡལ་ལ་རི་ཉིལ་གནོད་འཚེ་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-24



        དེ་རིང་སྔ་དྲོར། གསར་འགོད་པས་ཧན་ཡོན་རྫོང་ཨུའི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་ཉིན་འགའི་རིང་བསྟུད་མར་ཆར་པ་ཆེན་པོ་བབས་པའི་རྐྱེན་གྱིས། སྤྱི་ཟླ་8པའི་ཚེས་21ཉིན་གྱི་མཚན་མོའི་ཆུ་ཚོད་4པའི་ཐོག །གཡག་རྔ་གྲོང་ཁྱེར་ཧན་ཡོན་རྫོང་ཧྥུའུ་ཆོན་གྲོང་རྡལ་ཀྲུང་ཧའེ་གྲོང་པའི་རུ་ཁག་དྲུག་པ་རུ་རི་ཉིལ་བའི་གནོད་འཚེ་བྱུང་ཞིང་། ཞིང་ཆེན་གྱི་གཞུང་ལམ་435ལམ་ཐིག་ཆད་པ་རེད།

        གནས་ཚུལ་དེ་བྱུང་རྗེས། ཧན་ཡོན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ས་གཤིས་གནོད་འཚེའི་འཕྲལ་སྡོམ་རིམ་པ་དང་པོ་ལག་བསྟར་བྱས་ཤིང་། མགྱོགས་མྱུར་སྒོས་རོགས་སྐྱོབ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ནུས་ཤུགས་ཡོད་རྒུས་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བ་རེད། མིག་སྔར། འབྲེལ་ཡོད་ཉེན་སེལ་རོགས་སྐྱོབ་ལས་དོན་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། ཤི་རྨས་བྱུང་བའི་མི་གྲངས་ཞིབ་དཔྱད་བྱེད་བཞིན་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1