ཞི་ཅིན་ཕིང་གིས་གཅིག་གྱུར་བཀོད་འདོམས་ལེགས་པོ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀའི་ཐད་བཏོན་པའི་རིམས་འཐབ་ཇུས་གཞི།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


ནད་ཡམས་འགོག་རྒོལ་དམ་འཛིན་གནད་འཛིན་ཞིབ་འཛིན་ཐད་བཏོན་པའི་རེ་བ་བདུན།

抓紧抓实抓细疫情防控7点要求

◎མཐའ་གཅིག་ཏུ་ཧུའུ་པེ་སྲུང་སྐྱོབ་དམག་འཁྲུག་དང་ཝུའུ་ཧན་སྲུང་སྐྱོབ་དམག་འཁྲུག་ཡག་པོ་རྒྱག་དགོས།

坚决打好湖北保卫战、武汉保卫战

གྲོང་ཁྱེར་དང་གྲོང་རྡལ་གྱི་འགོག་རྒོལ་དང་ནད་པའི་བཅོས་སྐྱོབ་ཀྱི་གནད་འགག་གཉིས་དམ་པོར་འཛིན་དགོས་ལ། བསྡུ་བཅོས་ཚད་དང་དྲག་སྐྱེད་ཚད་གོང་མཐོར་བཏང་ནས། ནད་འགོས་ཚད་དང་ཤི་ཚད་ཇེ་དམའ་རུ་གཏོང་དགོས།

要紧紧扭住城乡社区防控和患者救治两个关键,切实提高收治率和治愈率、降低感染率和病亡率

◎སྟོབས་ཤུགས་ཡོད་ཚད་ཀྱིས་པེ་ཅིན་ནད་ཡམས་གནས་ཚུལ་འགོག་རྒོལ་ལས་ཀ་ལེགས་པོ་བསྒྲུབ་དགོས།

全力做好北京疫情防控工作

མཐའ་གཅིག་ཏུ་ཕྱི་ནས་ནད་ཡམས་ཡོང་བ་དང་ནང་ནས་འགོས་ཁྱབ་འགྲོ་བ་གཉིས་ཀྱི་འགོག་རྒོལ་དམ་པོར་འཛིན་དགོས།

要坚决抓好外防输入、内防扩散两大环节

◎ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་སྟོབས་ཤུགས་དང་དངོས་ཟོག་གལ་ཆེན་བཀོད་སྒྲིག་བྱེད་དགོས།

科学调配医疗力量和重要物资

མདུན་ཕྱོགས་སུ་གནས་པའི་སྨན་བཅོས་མི་སྣ་ལ་ཐུགས་ཁུར་དང་བྱམས་སྐྱོང་བྱེད་དགོས་ལ། འགོག་སྲུང་དངོས་ཟོག་དང་འཚོ་བའི་དངོས་ཟོག་འགན་སྲུང་གི་འགོག་སྲུང་བྱེད་ཐབས་གནད་འཁེལ་ཡོང་དགོས།

སྔོ་ཚལ་དང་སྒོ་ཕྱུགས་སོགས་ཀྱི་ཐོན་སྐྱེད་སྒྲིག་འཛུགས་ལེགས་པོ་བྱས་ནས། སྐྱེལ་འདྲེན་ལམ་ཐིག་དང་དངོས་ཟོག་སྐྱེལ་ལེན་ལ་བཀག་འགོག་མེད་པ་བྱེད་དགོས།

要关心关爱一线医务人员,落实防护物资、生活物资保障和防护措施

积极组织蔬菜和畜禽等生产,畅通运输通道和物流配送

◎ཚན་རྩལ་ཞིབ་འཇུག་གསར་བཟོའི་འགག་སྒྲོལ་ཇེ་མགྱོགས་སུ་གཏང་དགོས།

加快科技研发攻关

རིག་ཚན་གྱི་སྟོབས་ཤུགས་ཕྱོགས་སྡོམ་བྱས་ནས་ཞིབ་འཇུག་གསར་བཟོ་འགག་སྒྲོལ་བྱས་ནས། སྨན་རྫས་དང་རིམས་སོན་གྱི་ཞིབ་འཇུག་གསར་བཟོ་བྱེད་ཤུགས་ཆེ་རུ་གཏོང་དགོས།

要综合多学科力量开展科研攻关,加大药品和疫苗研发力度

◎རྒྱལ་སྤྱི་དང་ས་ཁུལ་བར་གྱི་མཉམ་འབྲེལ་རྒྱ་ཆེར་གཏང་དགོས།

扩大国际和地区合作

འབྲེལ་ཡོད་རྒྱལ་ཁབ་བར་རིམས་འགོག་ཉམས་མྱོང་བརྗེ་རེས་བྱས་ནས་ནད་དུག་འགོག་པའི་སྨན་རྫས་དང་རིམས་སོན་ཞིབ་འཇུག་གསར་བཟོའི་རྒྱལ་སྤྱིའི་མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་དགོས།

同有关国家分享防疫经验,加强抗病毒药物及疫苗研发国际合作

◎གསར་འགྱུར་སྨྲ་བརྗོད་ཀྱི་ལས་ཀའི་ནུས་ལྡན་རང་བཞིན་གོང་མཐོར་གཏང་དགོས།

提高新闻舆论工作有效性

ནད་ཡམས་གནས་ཚུལ་ཆ་འཕྲིན་འགྲེམ་བསྒྲགས་འཐུས་ཚང་དང་རིམས་འགོག་མདུན་སའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཁྱབ་བསྒྲགས་རྒྱ་ཆེར་སྤེལ་ནས། རང་འགུལ་སྒོས་སྤྱི་ཚོགས་ཀྱི་སེམས་ཁུར་བྱེད་བཞིན་པའི་གནད་དོན་ལ་ལན་སློག་དགོས།

完善疫情信息发布,广泛宣传抗疫一线的感人事迹,主动回应社会关切

◎ནན་ཏན་སྒོས་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་བྱེད་དགོས།

切实维护社会稳定

ཁྲིམས་ལྟར་སྨན་བཅོས་སྒྲིག་ལམ་གཏོར་བརླག་བྱེད་པ་དང་། རིམས་འགོག་སྒྲིག་ལམ། ཚོང་རའི་སྒྲིག་ལམ། སྤྱི་ཚོགས་སྒྲིག་ལམ་སོགས་ཁྲིམས་འགལ་ཉེས་གསོག་ལ་ཆད་པ་ནན་མོ་གཅོད་དགོས།

依法严惩扰乱医疗秩序、防疫秩序、市场秩序、社会秩序等违法犯罪行为

གོ་རིམ་ཡོད་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་ཐོན་སྐྱེད་ཐད་བཏོན་པའི་རེ་བ་བརྒྱད།

有序复工复产8点要求

◎ཁུལ་བགོས་རིམ་བགོས་ཀྱིས་གནད་འཁེལ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་ལག་བསྟར་བྱེད་དགོས།

落实分区分级精准复工复产

ཉེན་ཁ་ཆུང་བའི་ས་ཁུལ་གྱིས་མགྱོགས་མྱུར་སྒོས་འགོག་རྒོལ་ཇུས་གཞི་བཅོས་སྒྲིག་བྱས་ནས། ནད་དུག་ཕྱི་ཡོང་འགོག་རྒོལ་བྱས་ཏེ། ཕྱོགས་ཡོངས་ནས་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས། ཉེན་ཁ་འབྲིང་ཙམ་གྱི་ས་ཁུལ་གྱིས་རིམས་འགོག་གི་གནས་ཚུལ་ལ་དམིགས་ནས་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་ལག་བསྟར་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁུལ་གྱིས་མུ་མཐུད་དུ་སེམས་ཤུགས་གཅིག་སྒྲིལ་གྱིས་ནད་ཡམས་གནས་ཚུལ་འགོག་རྒོལ་བྱེད་དགོས།

低风险地区要尽快将防控策略调整到外防输入上来,全面恢复生产生活秩序,中风险地区要依据防控形势有序复工复产,高风险地区要继续集中精力抓好疫情防控工作

◎སྤྱི་ཁོག་སྲིད་ཇུས་སྙོམས་སྒྲིག་བྱེད་ཤུགས་ཇེ་ཆེར་གཏང་དགོས།

加大宏观政策调节力度

མུ་མཐུད་དུ་དུས་རིམ་ཅན་དང་། དམིགས་ས་ཡོད་པའི་ཁྲལ་འཐེན་རིན་ཕབ་ཀྱི་སྲིད་ཇུས་ལག་བསྟར་བྱས་ནས། ཕྲ་ཆུང་འབྲིང་རིམ་གྱི་ཁེ་ལས་གནད་འགག་ལས་བརྒལ་བར་རོགས་རམ་བྱེད་དགོས།

ད་ཡོད་ཀྱི་དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ལེགས་པོ་སྤྱད་ནས་དུས་བསྟུན་གྱི་སྲིད་ཇུས་བྱེད་ཐབས་གསར་པ་འདོན་དགོས།

继续研究出台阶段性、有针对性的减税降费政策,帮助中小微企业渡过难关

用好已有金融支持政策,适时出台新的政策措施

◎ཕྱོགས་ཡོངས་ནས་ལས་ཞུགས་བརྟན་བརླིང་ཐབས་ཇུས་ཤུགས་ཆེ་རུ་གཏང་དགོས།

全面强化稳就业举措

ཁུར་པོ་ཇེ་ཉུང་དང་ལས་གནས་བརྟན་པོ། ལས་ཞུགས་རྒྱ་བསྐྱེད་མཉམ་དུ་སྤེལ་ནས་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་ཀ་ལེགས་པོ་སྒྲུབ་དགོས།

要减负、稳岗、扩就业并举,做好高校毕业生就业工作

◎བློ་ཐག་རྦད་ཆོད་ཀྱིས་དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་འགྲུབ་དགོས།

坚决完成脱贫攻坚任务

དབུལ་སྐྱོར་གྱི་སྣེ་ཁྲིད་ཁེ་ལས་དང་དབུལ་སྐྱོར་བཟོ་ཁང་གིས་མྱུར་བར་ལས་འགོ་བསྐྱར་འཛུགས་བྱེད་དགོས་ལ། མྱུར་དུ་སླར་ཡང་དབུལ་འགྱུར་འགོག་པའི་བྱ་ཐབས་འཐུས་ཚང་སྒྲིག་འཛུགས་ཇེ་མགྱོགས་སུ་གཏོང་དགོས།

支持扶贫龙头企业、扶贫车间尽快复工,加快建立健全防止返贫机制

◎ཁེ་ལས་ལས་འགོ་བསྐྱར་འཛུགས་ཐོན་སྐྱེད་ལ་སྐུལ་འདེད་གཏང་དགོས།

推动企业复工复产

མི་འགྲུལ་དང་ཟོག་འགྲུལ་གྱི་འགག་སྒོ་གཏོར་ནས། དངོས་ཟོག་སྐྱེལ་འདྲེན་གྱི་ཚད་བཀག་བཏང་སྟེ། ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚུགས་སོ་སོས་མཉམ་དུ་ལས་འགོ་བསྐྱར་འཛུགས་ཐོན་སྐྱེད་བྱེད་དགོས།

འཛུགས་བཞིན་པ་དང་གསར་དུ་ལས་འགོ་ཚུགས་པའི་རྣམ་གྲངས་ཀྱི་ལས་ཆོད་མགྱོགས་པོར་གཏོང་དགོས་ལ། ལས་མི་དང་སྤྱོད་ས། མ་རྩ་སོགས་ཀྱི་མཐུན་རྐྱེན་འགན་སྲུང་ཤུགས་སྣོན་རྒྱག་དགོས།

打通人流、物流堵点,放开货运物流限制,推动产业链各环节协同复工复产

加快在建和新开工项目建设进度,加强用工、用地、资金等要素保障

◎གོ་སྐབས་མི་འཆོར་བའི་སྒོ་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་དགོས།

不失时机抓好春季农业生产

ཞིང་ཐོན་དངོས་ཟོག་ཐོན་སྐྱེད་དང་འགྲོ་རྒྱུག མཁོ་འདོན་བཀོད་སྒྲིག་ལེགས་པོ་བྱས་ནས། ཞིང་ལས་ཐོན་སྐྱེད་ཀྱི་དུས་མི་འགྱངས་བ་བྱེད་དགོས།

组织好农资生产、流通、供应,确保农业生产不误农时

◎གཞི་རྩའི་དམངས་འཚོའི་འགན་སྲུང་ངེས་ཏན་བྱེད་དགོས།

切实保障基本民生

དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་མཐིལ་རྟོལ་འགན་སྲུང་ཤུགས་ཆེ་རུ་གཏོང་དགོས་ལ། ནད་པ་དང་ལྷག་པར་དུ་གཉེན་ཉེ་རྐྱེན་ལམ་དུ་ཤོར་བའི་ཁྱིམ་ཚང་ལ་གཙོ་གནད་གཟིགས་སྐྱོང་གནང་དགོས། 

ནད་རིགས་གཞན་པའི་ནད་པའི་སྨན་བཅོས་སྲོག་སྐྱོབ་ལས་ཀ་གཅིག་གྱུར་འཆར་འགོད་བྱེད་དགོས།

强化对困难群众的兜底保障,对患者特别是有亲人罹难的家庭要重点照顾

要统筹做好其他疾病患者医疗救治工作

◎ཕྱི་ཚོང་ཕྱི་དངུལ་གྱི་རྨང་གཞི་བརྟན་སྲུང་བྱེད་དགོས།

稳住外贸外资基本盘

ཕྱི་དངུལ་རྣམ་གྲངས་ཆེན་པོ་ལག་བསྟར་དམ་འཛིན་བྱེད་དགོས་ལ། དངུལ་རྩའི་ཞབས་ཞུ་ལས་རིགས་ཀྱིས་ཕྱི་ཕྱོགས་ལ་སྒོ་ཕྱེ་ནས། མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་དགོས།

抓好重大外资项目落地,扩大金融等服务业对外开放,继续优化营商环境

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་ལས་བྱེད་འགོ་ཁྲིད་དག་ལ་བཏོན་པའི་རེ་བ་དགུ།
 
对各级党委、政府以及领导干部9点要求

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས།

各级党委和政府

◎མུ་མཐུད་དུ་རྣམ་གཡེང་སྤུ་ཙམ་མི་བྱེད་པར་འགོག་རྒོལ་ལས་ཀ་དམ་འཛིན་གནད་འཛིན་ཞིབ་འཛིན་བྱེད་དགོས།

继续毫不放松抓紧抓实抓细各项防控工作

◎གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་དགོས།

有序恢复生产生活秩序

◎ཕྱོགས་ཡོངས་རྒྱལ་ཁ་མ་ཐོབ་ན་ལེགས་འགྲུབ་བྱུང་སོང་གཏན་ནས་མི་གླེང་།

不获全胜决不轻言成功

རིམ་པ་སོ་སོའི་ཏང་གི་རྩ་འཛུགས་ཀྱིས།

各级党组织

◎ནན་ཏན་སྒོས་འགོ་ཁྲིད་ཀྱི་འོས་འགན་ལག་བསྟར་བྱེད་དགོས་ལ། ལྷག་པར་དུ་དོན་ཐོག་ཏུ་འཁྱོལ་བའི་འགན་འཁྲི་དམ་འཛིན་བྱེད་དགོས།

要认真履行领导责任,特别是抓落实的职责

རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་
དུ་འགོ་ཁྲིད་ཀྱིས།

各级干部特别是领导干部

◎རྒྱལ་ཁ་ཐོབ་པའི་ཆོད་སེམས་དང་། འགན་འཁྲིའི་སེམས་པ། བྱམས་བརྩེའི་སེམས་པ། གཟབ་ནན་གྱི་སེམས་པ་ཤུགས་ཆེར་གཏང་དགོས།

要增强必胜之心、责任之心、仁爱之心、谨慎之心

◎འཐབ་འཛིང་གི་མདུན་ས་ནས་ལས་བྱེད་པ་རྟོག་ཞིབ་གདམ་གསེས་བྱེད་དགོས།

要在斗争一线考察识别干部

◎རྒྱ་ཆེའི་གཞི་རིམ་ལས་བྱེད་མི་སྣར་སེམས་ཁུར་དང་ཐུགས་ཁུར་བྱེད་དགོས་ལ། གཞི་རིམ་དུ་སྐྱོད་པའི་རིམ་པ་སོ་སོའི་འགོ་ཁྲིད་དང་ལྷག་པར་ཧུའུ་པེ་དང་ཝུའུ་ཧན་སོགས་ནད་ཡམས་གནས་ཚུལ་ཚབས་ཆེ་བའི་ས་ཁུལ་གྱི་ལས་བྱེད་མང་ཚོགས་ལ། དུས་ལྟར་ཁོ་ཚོར་རོགས་རམ་བྱས་ནས་དེ་ཚོའི་དཀའ་ཁག་དང་གནད་དོན་ཐག་གཅོད་བྱེད་དགོས།

要关心关爱广大基层干部和深入基层的各级干部特别是湖北、武汉等疫情严重地区的干部群众,及时帮助他们解决遇到的实际困难和问题

◎འགོག་རྒོལ་ཐོན་ཁུངས་དང་སྟོབས་ཤུགས་གཏིང་ལ་འབབ་པ་བྱས་ནས། སྤྱི་ཚོགས་ཀྱི་སྟོབས་ཤུགས་གང་ཡོད་སྐུལ་སྤེལ་བྱས་ཏེ་མཉམ་དུ་ནད་ཡམས་འགོག་རྒོལ་ལ་ཞུགས་དགོས།

要推动防控资源和力量下沉,充分调动社会力量共同参与疫情防控

◎ཐེངས་འདིའི་ནད་ཡམས་གནས་ཚུལ་ཁྲོད་ལྷང་ལ་བུད་པའི་མི་འདང་སར་དམིགས་པ་དང་། ཉམས་མྱོང་ཕྱོགས་སྡོམ། བསླབ་བྱ་ལེན་པ། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་གདོང་གཏོད་པའི་ནུས་པ་དང་ཆུ་ཚད་གོང་མཐོར་གཏང་དགོས། 

要针对这次应对疫情中暴露出的明显短板,总结经验、吸取教训,提高应对突发重大公共卫生事件的能力和水平



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1