བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས་པ།

ཚུལ་ཁྲིམས་བཟང་པོས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


        

2018ལོའི་ཟླ་12པའི་ཚེས་18ཉིན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་།
2018年12月18日,庆祝改革开放40周年大会在北京人民大会堂隆重举行。中共中央总书记、国家主席、中央军委主席习近平在大会上发表重要讲话。 图 / 新华社

       2018ལོའི་ཟླ་12པའི་ཚེས་18ཉིན་གྱི་སྔ་དྲོར། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་བཅས་ཚོགས་ཆེན་ལ་ཞུགས།


        ཝང་ཧུའུ་ཉིང་གིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཅོས་བསྒྱུར་སྒོ་འབྱེད་ལ་བྱས་རྗེས་བླ་མེད་བཞག་པའི་ཕུལ་བྱུང་མི་སྣ་ལ་གཟེངས་བསྟོད་གནང་རྒྱུའི་སྐོར་གྱི་གཏན་འབེབས།》བསྒྲགས་ཤིང་། གཏན་འབེབས་ནང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡུས་མིན་སོགས་བློ་མཐུན་100ལ་བཅོས་བསྒྱུར་གྱི་གདོང་ལེན་པའི་མཚན་སྙན་དང་བཅོས་བསྒྱུར་གྱི་གདོང་ལེན་པའི་གཟེངས་རྟགས་གནང་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་ཆེད། ཨ་ལན·མེ་ལི་ཨའེ་སོགས་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་10ལ་ཀྲུང་གོའི་བཅོས་བསྒྱུར་གྱི་མཛའ་གྲོགས་གཟེངས་རྟགས་གནང་རྒྱུ་ཡིན་ཞེས་བསྟན། ཚོགས་ཆེན་ཐོག་བཅོས་བསྒྱུར་གྱི་གདོང་ལེན་པའི་མཚན་སྙན་དང་ཀྲུང་གོའི་བཅོས་བསྒྱུར་གྱི་མཛའ་གྲོགས་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་བསྒྲགས་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་།

                ཁོང་གིས་ནན་གསུང་གནང་དོན། རང་རེའི་ཏང་གིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ལ་སྟངས་འཛིན་ཟབ་མོ་བྱས་པར་གཞིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་ལག་ལེན་ལ་ཕྱོགས་བསྡོམས་ཟབ་མོ་བྱས་པར་གཞིགས་པ། དུས་རབས་ཀྱི་རླབས་རྒྱུན་ལ་མཐིལ་རྟོགས་ཟབ་མོ་བྱས་པར་གཞིགས་པ། མི་དམངས་མང་ཚོགས་ཀྱི་རེ་འདུན་དང་དགོས་མཁོར་གོ་བ་ཟབ་མོ་བླངས་པར་གཞིགས་པ་བཅས་ཀྱི་ཐོག་ནས་བཏོན་པ་ཞིག་རེད། བཅོས་བསྒྱུར་སྒོ་འབྱེད་ནི་རང་རེའི་ཏང་གི་གོ་རྟོགས་རླབས་ཆེན་སད་པ་ཞིག་དང་། གོ་རྟོགས་རླབས་ཆེན་སད་པ་དེས་རང་རེའི་ཏང་གིས་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་གསར་གཏོད་རླབས་ཆེན་ཞིག་སྐྱེད་བསྲིངས་བྱས་ཡོད། བཅོས་བསྒྱུར་སྒོ་འབྱེད་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རླབས་ཆེན་གྱི་གསར་བརྗེ་ཞིག་རེད། རླབས་ཆེན་གྱི་གསར་བརྗེ་དེས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རླབས་ཆེན་གྱི་མཆོང་སྐྱོད་དེར་སྐུལ་འདེད་བཏང་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། དཀའ་ཚེགས་ཆེན་པོ་ཁྱད་དུ་བསད། གཡུར་དུ་ཟ་བའི་འབྲས་བཟང་ཐོབ། ལོ་ངོ་40ཡི་རིང་། ང་ཚོས་བསམ་བློ་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། བློ་ཁོག་ཆེན་པོས་ཚོད་ལྟ། དཔའ་ངར་ཆེན་པོས་བཅོས་བསྒྱུར་བཅས་བྱས་ནས་གནམ་ས་གསར་པ་ཞིག་གཏོད་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40ཡི་རིང་། དུས་སྐབས་གསར་པ་གཏོད་པ་ནས་དུས་རབས་གསར་པར་མཆོང་སྐྱོད་བྱས་པའི་བར་དང་འགོ་འཛུགས་ས་གསར་པར་ལངས་པ་ནས་དུས་རབས་གསར་པར་སླེབས་པའི་བར་གྱི་ལོ་ངོ་40ཡི་རིང་སྐྱིད་སྡུག་མཉམ་མྱོང་བྱས་པ་དང་། ལོ་40ཡི་རིང་དཀའ་ངལ་ཁྱད་དུ་བསད་པ། ལོ་40ཡི་རིང་འབད་འབུངས་སྟོབས་བརྩོན་བྱས་ཤིང་། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བརྗིད་ཆགས་ཉམས་ལྡན་དང་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བརྩམས་པ་དང་སྐྱེ་བོ་ཀུན་ལ་སེམས་འགུལ་ཐེབས་པ་དང་སྤོབས་པས་རི་ཀླུང་འགུལ་ཐུབ་པའི་འབད་འཐབ་ཀྱི་བསྟོད་གླུ་ཞིག་བརྩམས་ཡོད།

        ཞི་ཅིན་ཕིང་གིས་རིགས་པའི་གཞུང་ལུགས་གསར་གཏོད་དང་། དཔལ་འབྱོར་འཛུགས་སྐྲུན། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་།
སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། མེས་རྒྱལ་གཅིག་གྱུར། ཕྱི་འབྲེལ་ལས་དོན། ཏང་འཛུགས་སྐྱོང་སོགས་ཀྱི་ཐད་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་གྲུབ་འབྲས་ཕྱོགས་བསྡོམས་གནང་ཞིང་། ཁོང་གིས་ནན་གསུང་གནང་དོན། ལོ་ངོ་40ཡི་རིང་ཐོབ་པའི་གྲུབ་འབྲས་ནི་གནམ་ནས་ཟགས་པ་ཞིག་མིན་ལ། མི་གཞན་གྱིས་གསོལ་རས་གནང་བ་ཞིག་དེ་བས་ཀྱང་མིན་པར། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོའི་ལས་བརྩོན་དང་། བློ་གྲོས། དཔའ་ངར་བཅས་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོས་ལོ་བཅུ་ཕྲག་འགའ་ཤས་ཀྱི་དུས་ཚོད་སྤྱད་དེ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་འགའ་ཤས་ནང་བསྐྱོད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་ཀྱི་ལམ་བུ་འགྲིམས་ཡོད། ཀྲུང་གོ་མི་དམངས་ཀྱིས་འབད་འཐབ་བྱས་པ་བརྒྱུད་མི་སྲིད་པ་དེ་ཡང་སྲིད་པར་བསྒྱུར་ཡོད། ང་ཚོས་མི་ཡུལ་གྱི་ངོ་མཚར་གཏོད་མཁན་ཀྲུང་གོ་མི་དམངས་ལ་སྤོབས་པ་ཆེན་པོ་སྐྱེ་བཞིན་ཡོད།

        ཞི་ཅིན་ཕིང་གིས་བསྟན་དོན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40ཡི་རིང་བསགས་པའི་རྩ་ཆེའི་ཉམས་མྱོང་ནི་ཏང་དང་མི་དམངས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། དེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པས། ངེས་པར་དུ་གཅེས་སྤྲས་སྔར་ལས་ལྷག་པ་དང་ཡུན་རིང་མཐའ་འཁྱོངས་བྱ་དགོས་པར་མ་ཟད། ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཀྱང་གཏང་དགོས་པ་སྟེ། གཅིག་ནས་ཏང་གིས་ལས་དོན་ཚང་མར་འགོ་ཁྲིད་བྱེད་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ཇེ་ལེགས་སུ་གཏང་དགོས། གཉིས་ནས་མི་དམངས་ལྟེ་བར་འཛིན་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་བསྐང་དགོས། གསུམ་ནས་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་ཀྱི་གནས་བབ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ལག་ལེན་གྱི་རྨང་གཞིའི་སྟེང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས། བཞི་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་སྐྱོད་པར་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་བཅོས་བསྒྱུར་སྒོ་འབྱེད་ཀྱི་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱ་དགོས། ལྔ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཇེ་ཚང་དང་འཕེལ་རྒྱས་གཏོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་འདོན་སྤེལ་དང་ཆེ་རུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་གནད་སྨིན་དང་དེ་བས་གཏན་འཇགས་ཡོང་བར་སྐུལ་འདེད་གཏང་དགོས། དྲུག་ནས་འཕེལ་རྒྱས་ནི་ལས་འགན་གལ་ཆེན་ཨང་དང་པོ་ཡིན་པ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། བདུན་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས། བརྒྱད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། དགུ་ནས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ངེས་པར་དུ་མཐའ་འཁྱོངས་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱ་དགོས་པ་བཅས་སོ། །

            ལི་ཁེ་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40སོང་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་རླབས་ཆེའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་གནང་བ་དང་།
ཀྲུང་གོ་མི་དམངས་ཀྱིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་བྱ་གཞག་ལ་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་བར་ཚད་མཐོའི་བསྔགས་བརྗོད་གནང་བ། བཅོས་བསྒྱུར་སྒོ་འབྱེད་ལ་དུས་ད་ལྟ་བ་ལས་དུས་འདས་པ་མེད་པ་དང་ནམ་ཡང་ཚར་དུས་མེད་པ། བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་མཐར་ཕྱིན་པ་བྱ་དགོས་པ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་བརླིང་ལྡན་པའི་ངང་མངོན་གསལ་དུ་གསུངས་པ། བློ་བརྟན་འགྱུར་མེད་ངང་བཅོས་བསྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། དུས་རབས་གསར་པའི་བཅོས་བསྒྱུར་སྒོ་འབྱེད་མུ་མཐུད་དུ་མདུན་ཕྱོགས་སུ་སྐུལ་འདེད་རྒྱུན་མི་ཆད་པར་གཏོང་བ་བཅས་ཀྱི་དམིགས་ཚད་བླང་བྱ་ཁ་གསལ་བཏོན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བཅོས་བསྒྱུར་སྒོ་འབྱེད་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏང་བ་བཅས་བྱས་ཏེ་“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར། དེ་བཞིན་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་། ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱ་དགོས།

        རྟེན་འབྲེལ་ཚོགས་ཆེན་གྲོལ་རྗེས་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་མི་སྣ་དང་གཉེན་ཉེའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། 


新华社北京2018年12月18日电。庆祝改革开放40周年大会18日上午在北京人民大会堂隆重举行。中共中央总书记、国家主席、中央军委主席习近平在大会上发表重要讲话。李克强、栗战书、汪洋、王沪宁、赵乐际、韩正、王岐山出席大会。

王沪宁宣读《中共中央 国务院关于表彰改革开放杰出贡献人员的决定》。决定指出,党中央、国务院决定,授予于敏等100名同志改革先锋称号,颁授改革先锋奖章;为感谢国际社会对中国改革开放事业的支持和帮助,向阿兰·梅里埃等10名国际友人颁授中国改革友谊奖章。大会宣读了授予改革先锋称号、中国改革友谊奖章人员名单。

在《春天的故事》乐曲声中,习近平等为获得改革先锋称号、中国改革友谊奖章人员代表颁奖。

2018ལོའི་ཟླ་12པའི་ཚེས་18ཉིན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས།
2018年12月18日,庆祝改革开放40周年大会在北京人民大会堂隆重举行。 图 / 新华社  

全体起立,热烈鼓掌,向受表彰人员表示衷心祝贺和崇高敬意。少先队员向他们献上美丽的鲜花。

在热烈的掌声中,习近平发表重要讲话。他强调,我们党作出实行改革开放的历史性决策,是基于对党和国家前途命运的深刻把握,是基于对社会主义革命和建设实践的深刻总结,是基于对时代潮流的深刻洞察,是基于对人民群众期盼和需要的深刻体悟。改革开放是我们党的一次伟大觉醒,正是这个伟大觉醒孕育了我们党从理论到实践的伟大创造。改革开放是中国人民和中华民族发展史上一次伟大革命,正是这个伟大革命推动了中国特色社会主义事业的伟大飞跃。

习近平强调,40年的实践充分证明,党的十一届三中全会以来我们党团结带领全国各族人民开辟的中国特色社会主义道路、理论、制度、文化是完全正确的,形成的党的基本理论、基本路线、基本方略是完全正确的。

习近平强调,40年的实践充分证明,中国发展为广大发展中国家走向现代化提供了成功经验、展现了光明前景,是促进世界和平与发展的强大力量,是中华民族对人类文明进步作出的重大贡献。

习近平强调,40年的实践充分证明,改革开放是党和人民大踏步赶上时代的重要法宝,是坚持和发展中国特色社会主义的必由之路,是决定当代中国命运的关键一招,也是决定实现“两个一百年”奋斗目标、实现中华民族伟大复兴的关键一招。

李克强在主持大会时说,习近平总书记的重要讲话,深刻总结了改革开放40年来党和国家事业取得的伟大成就和宝贵经验,高度赞扬了中国人民为改革开放事业作出的杰出贡献,郑重宣示了改革开放只有进行时没有完成时、改革开放永远在路上、坚定不移将改革进行到底的信心和决心,明确提出了坚定不移全面深化改革、扩大对外开放、不断把新时代改革开放继续推向前进的目标要求。让我们更加紧密地团结在以习近平同志为核心的党中央周围,高举中国特色社会主义伟大旗帜,不忘初心、牢记使命,持续深入推进改革开放,为实现“两个一百年”奋斗目标、建成富强民主文明和谐美丽的社会主义现代化强国、实现中华民族伟大复兴的中国梦,为维护世界和平、促进共同发展、推动构建人类命运共同体而不懈奋斗。

庆祝大会结束后,习近平等会见了受表彰人员及亲属代表,并同大家合影留念。

在京中共中央政治局委员、中央书记处书记,全国人大常委会副委员长,国务委员,最高人民法院院长,最高人民检察院检察长,全国政协副主席以及中央军委委员出席大会。

中央党政军群各部门和北京市主要负责同志,各民主党派中央、全国工商联负责人和无党派人士代表,老党员、老干部代表,改革开放杰出贡献受表彰人员及亲属代表,港澳同胞、台湾同胞、海外侨胞及归侨、侨眷代表,首都各界群众代表,解放军和武警部队官兵代表,各国驻华使节、各国际组织驻华代表和在华工作的外国专家代表等约3000人参加大会。




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1