ལོ་གསར་གྱི་སྔོན་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་མཉམ་འབྲེལ་དྲ་རྒྱ་བརྒྱུད་དེ་2019་ལོའི་ལོ་གསར་གྱི་ཤིས་ཚིག་གནང།
新年前夕,国家主席习近平通过中央广播电视总台和互联网,发表了二〇一九年新年贺词。 图 / 新华社
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་2018ལོའི་སྤྱི་ཟླ་12ཚེས་31ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ལོ་གསར་པའི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད་2019ལོའི་ལོ་གསར་གྱི་ཤིས་ཚིག་གནང་བ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ།
ལྷན་རྒྱས་སྐུ་ཁམས་བཟང་། “ནམ་ཟླའི་འཁོར་ལོ་སྡོད་པའི་བསྐལ་བ་མེད། དུས་ཀྱི་ཆུ་མོ་བར་མེད་མདུན་དུ་རྒྱུག”2019ལོ་འཆར་ལ་ཉེ་བས། ངས་པེ་ཅིང་ནས་ལྷན་རྒྱས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།
2018ལོར་ང་ཚོའི་འཚོ་བ་ཕུན་སུམ་ཚོགས་ཤིང་གོམ་སྟབས་བརྟན་པོ་སྤོས་ཡོད། ལོ་འདིར། ང་ཚོས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། སྒུལ་ནུས་གསར་རྙིང་བརྗེ་བསྒྱུར་མགྱོགས་སུ་བཏང་བ། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་མཐོངས་ནང་རྒྱུན་འཁྱོངས་ཐུབ་ཡོད། ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་བ་དང་ས་གཞི་གཙང་བའི་སྲུང་སྐྱོང་གི་དམག་འཐབ་ལ་བདེ་བླག་ངང་སྐུལ་འདེད་བཏང་བ་དང་དམངས་འཚོའི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་བཅོས་བྱུང་ཡོད། ཅིང་ཅིན་ཅིས་མཐུན་སྦྱོར་འཕེལ་རྒྱས་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས། གཡོས་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་བརྟན་པོའི་སྒོ་ནས་ལག་བསྟར་བྱས་ཡོད། ངས་ས་གནས་ཁག་ཏུ་རྟོག་ཞིབ་བྱེད་སྐབས། འབྲི་ཆུའི་ངོགས་གཉིས་སུ་སྔོ་ལྗང་རྩི་ཤིང་གིས་བརྒྱན་པ་དང་། གཙང་གསུམ་གྱི་མུའུ་ཁྲི་ཡི་ས་གཞིར་ལོ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་བྱེད་པ། ཧྲེན་ཀྲེན་གྱི་ཆན་ཧའེ་ཁུལ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ། ཧྲང་ཧའེ་ཡི་ཀྲང་ཅང་དུ་གསོན་ཤུགས་ཀྱིས་ཁེངས་པ། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱིས་ཁུལ་གསུམ་གཅིག་ཏུ་འབྲེལ་བ་བཅས་ཀྱི་དགའ་འོས་པའི་རྣམ་པ་དག་མཐོང་བྱུང་། གྲུབ་འབྲས་འདི་དག་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཕུ་ཐུང་བརྫེས་ནས་བསྒྲུབས་པ་ཞིག་རེད་ལ། དུས་རབས་གསར་པའི་འབད་འཐབ་པ་ཚོའི་རྔུལ་ཆུར་བརྟེན་ནས་བྱུང་བ་ཞིག་ཀྱང་རེད།
2018ལོའི་ནང་། ཀྲུང་གོས་བཟོས་པ་དང་།
ཀྲུང་གོའི་གསར་གཏོད། ཀྲུང་གོའི་བཟོ་སྐྲུན་བཅས་ཀྱི་ཐུན་མོང་ཤུགས་འདོན་འོག་ཀྲུང་གོའི་རྣམ་པར་མུ་མཐུད་དུ་འགྱུར་ལྡོག་བྱུང་ཡོད། ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་འཚོལ་ཞིབ་ཡོ་བྱད་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། མ་གྲུ་གཉིས་པ་རྒྱ་མཚོར་སྐྱོད་པའི་ཚོད་ལྟ་བྱས་པ། རྒྱལ་ནང་ནས་ཐོན་སྐྱེད་བྱས་པའི་སྐམ་མཚོ་གཉིས་སྐྱོད་ཀྱི་གནམ་གྲུ་ཆེན་པོ་ཆུ་ཐོག་ཏུ་ཐོག་མར་འཕུར་སྐྱོད་བྱས་པ། བྱང་སྐར་སྤུན་བདུན་ཕྱོགས་སྟོན་གོ་ལ་ཧྲིལ་པོའི་དྲ་སྦྲེལ་ཕྱོགས་སུ་གོམ་པ་བརྟན་པོ་སྤོས་ཡོད། འདིར་ངས་ཚན་རིག་མཁས་ཅན་དང་། བཟོ་བཀོད་པ། རྒྱལ་ཁབ་ཆེན་པོའི་བཟོ་བོ། འཛུགས་སྐྲུན་པ་དང་དེར་ཞུགས་མཁན་བཅས་ཚང་མར་གུས་འདུད་ཞུ་རྒྱུ་ཡིན།
2018ལོའི་ནང་། དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ལ་གཏམ་བཟང་མང་པོ་ཁྱབ་ཡོད། རྒྱལ་ཡོངས་སུ་སླར་ཡང་རྫོང་དབུལ་པོ་125ཞིབ་བཤེར་རྩིས་ལེན་བྱས་པར་བརྒྱུད་དབུལ་སྒྲོལ་ཐུབ་པ་དང་།
གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000དབུལ་པོའི་གནས་ལས་བསྒྲལ་ཡོད། སྐྲན་ནད་འགོག་པའི་སྨན་རིགས་17གྱི་གོང་ཚད་བཅག་པར་མ་ཟད། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ་དང་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་གནད་དོན་སྔར་བས་ཐག་གཅོད་བྱེད་བཞིན་ཡོད། ངས་དུས་དང་རྣམ་པ་ཀུན་ཏུ་དབུལ་སྒྲོལ་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་གྱི་བློ་མཐུན་རྣམས་སེམས་ལ་བཅངས་ཡོད། གྲོང་སྡོད་ལས་བྱེད་པ་དང་ཧྲུའུ་ཅི་དང་པོ་ཁྲི་280ལྷག་ཙམ་གྱིས་ལས་དོན་ལ་ཧུར་ཐག་ཞུགས་པ་དང་འབད་བརྩོན་ཆེན་པོ་བྱས་ཡོད། ངེས་པར་དུ་གཟུགས་པོར་བདག་གཅེས་བྱ་རོགས།
ངས་སྔ་ཕྱི་བར་གསུམ་དུ་དཀའ་ངལ་ཡོད་པའི་མང་ཚོགས་སེམས་ལ་འཆང་བཞིན་ཡོད། སི་ཁྲོན་ལའང་ཧྲན་གྱི་སན་ཧོ་གྲོང་ཚོར་ངས་དབྱི་རིགས་ཀྱི་གྲོང་མི་ཅི་ཧའོ་ཡེ་ཆིའུ་དང་ཅེ་ལེ་ཨོ་ཨ་མུ་ཡི་ཁྱིམ་ཚང་གཉིས་ལ་ལྟ་བར་ཕྱིན་པ་ཡིན། ཧྲན་ཏུང་ཅི་ནན་གྱི་སན་ཅན་ཞི་གྲོང་ཚོར་ངས་ཀྲའོ་ཧྲུན་ལི་ཁྱིམ་མི་ཚོ་དང་མཉམ་དུ་བསྡད་དེ་གླེང་མོལ་བྱས་པ་ཡིན། ལེའོ་ཉིང་ཧྥུ་ཧྲུན་ཏུང་ཧྭ་ཡོན་སྡེ་ཁུལ་དུ་ངས་ཁྲེན་ཡུས་ཧྥང་གི་ཁྱིམ་དུ་ཉེན་གཡོལ་གནས་སྤོ་བཀོད་སྒྲིག་གི་གནས་ཚུལ་ཤེས་རྟོགས་བྱས་པ་ཡིན། ཀོང་ཏུང་ཆིང་ཡོན་ལན་ཀྲང་གྲོང་ཚོར་ངས་དུད་ཚང་དབུལ་པོ་ལུའུ་དབྱི་དང་དབུལ་སྒྲོལ་འཆར་གཞིའི་སྐོར་གླེང་བ་ཡིན། ཁོང་ཚོའི་ལྷག་བསམ་བབ་ཆགས་ཀྱི་རྣམ་པ་ད་ལྟའང་ངའི་བློ་ལ་འཆར་གྱི་འདུག ལོ་གསར་པ་ཤར་བའི་སྐབས་འདིར་ཡུལ་མི་ཚོའི་འཚོ་བ་ཡར་ངོའི་ཟླ་བཞིན་འཕེལ་བ་དང་ཉིན་རེ་བཞིན་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ་རྒྱུ་ཡིན།
2018ལོའི་ནང་། ང་ཚོས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ལ་ཞིབ་ཕྲ་དང་། སྤྱི་ཡོངས། བསྐྱར་འཛུགས་བཅས་ཀྱི་སྒོ་ནས་བཅོས་བསྒྱུར་བྱས་པ་དང་། བཅོས་བསྒྱུར་བྱ་ཐབས་གལ་ཆེན་ཁག་100ལྷག་ཙམ་བཏོན་པ། ཀྲུང་གོའི་རྒྱལ་སྤྱིའི་་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གཉེར་བ། ཧའེ་ནན་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སྐྲུན་འགོ་ཚུགས་པ་བཅས་ལས། འཛམ་གླིང་གིས་ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་མྱུར་ཚད་མགྱོགས་སུ་བཏང་བ་མཐོང་ཡོད་ལ། བཅོས་བསྒྱུར་སྒོ་འབྱེད་མཐའ་གཅིག་ཏུ་བྱེད་པའི་ཀྲུང་གོའི་ཆོད་སེམས་ཀྱང་མཐོང་ཡོད། ང་ཚོས་བཅོས་བསྒྱུར་གྱི་གོམ་སྟབས་མཚམས་འཇོག་མི་བྱེད་པར། སྒོ་འབྱེད་ཀྱི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དང་དེ་ཙམ་གྱིས་འབྱེད་རྒྱ་ཆེ་རུ་གཏང་རྒྱུ་ཡིན།
2018ལོར། མཐོ་རྒྱུགས་བསྐྱར་གསོ་བྱུང་རྗེས་ཀྱི་ཁག་དང་པོའི་སློབ་ཆེན་སློབ་མ་མང་ཆེ་བ་རྒན་ཡོལ་ཞུས་ཟིན་པ་དང་། ཉིས་སྟོང་ལོའི་ནང་སྐྱེས་པའི་ཕྲུ་གུ་ཚོ་རིམ་བཞིན་སློབ་ཆེན་དུ་སྐྱོད་འགོ་ཚུགས་པ་ངས་དོ་སྣང་བྱས་པ་ཡིན། གྲོང་ཁྱེར་གྱི་ཐེམ་ཐོ་མིན་པའི་མི་གྲངས་དུང་ཕྱུར་གཅིག་ལྷག་ཙམ་གྲོང་ཁྱེར་དུ་གཞིས་ཆགས་པའི་བྱ་སྤྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་པ་དང་། མི་ཁྲི་1300གྲོང་རྡལ་དུ་ལས་ཀ་རག་པ། སྡོད་ཁང་སྐྱོ་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་ཆེད་སྡོད་ཁང་ཁྲི་580སྐྲུན་འགོ་ཚུགས་པ། གྲོང་མི་གསར་པར་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་འགྱུར་ཡོད། ཤང་ཀང་དང་།
ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་མང་པོར་གནས་སྡོད་ལག་ཁྱེར་རག་པ་དང་ཤང་ཀང་རྒྱལ་ཡོངས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་ནང་དུ་ཚུད་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོར། དར་རྒྱས་གོང་འཕེལ་གྱི་གསོན་ཤུགས་ཀྱིས་ཁེངས་ཤིང་ང་ཚོས་མདུན་ཕྱོགས་སུ་འབད་བརྩོན་ཆེན་པོས་སྐྱོད་བཞིན་ཡོད་ལ། ང་ཚོ་ནི་ཕུགས་བསམ་དོན་གཉེར་བྱེད་མཁན་ཤ་སྟག་རེད།
མཚམས་འདིར། ངས་ད་དུང་བཀྲག་མདངས་འཚེར་བའི་མཚན་ཁག་གཅིག་དམིགས་སུ་གླེང་རྒྱུ་ཡིན། ད་ལོ་མཁའ་དབྱིངས་སུ“ནན་རེན་ཏུང་ཤིང”ཞེས་པའི་སྐར་མ་ཞིག་མང་དུ་ཕྱིན་པ་དང་། དམག་ཡོངས་ཀྱི་དཔའ་བོའི་དཔེ་བཟང་འདྲ་པར་ནང་བློ་མཐུན་ལིན་ཅུན་ཏེ་དང་ཀྲང་ཁྲའོ་རྣམ་གཉིས་མང་དུ་ཕྱིན་ཡོད། ང་ཚོས་ལོ་32རིང་གླིང་ཕྲན་སྲུང་མཁན་བློ་མཐུན་ཝང་ཅི་ཚའེ་དང་། ཚོད་ལྟའི་སྟེགས་བུ་སྲུང་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་བློ་མཐུན་ཧོང་ཆུན་དང་། སུང་གཡོད་ཚའེ། ཅང་ཁའེ་པིན། དེ་བཞིན་རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་དཔའ་བོ་ཚོ་ཡིད་ལ་འཛིན་དགོས། ཁོང་ཚོ་ནི་དུས་རབས་གསར་པའི་ཆེས་གཅེས་པར་འོས་པའི་མི་ཡིན་པས་ང་ཚོས་ནམ་ཡང་དྲན་གསོ་དང་སློབ་སྦྱོང་ཞུ་དགོས།
2018ལོའི་ནང་། གྲོགས་པོ་གསར་རྙིང་མང་པོ་ཀྲུང་གོར་སླེབས་ཡོད། ང་ཚོས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ལོ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་སོགས་ཚོགས་ར་གཙོ་བོའི་ཕྱི་འབྲེལ་བྱེད་སྒོ་སྤེལ་ནས། ཀྲུང་གོའི་འདོད་ཚུལ་བཏོན་པ་དང་། ཀྲུང་གོའི་སྐད་སྒྲ་བསྒྲགས་ཡོད། ང་དང་ལས་རོགས་ཚོ་གླིང་ཆེན་ལྔ་ལ་འཚམས་འདྲིར་བསྐྱོད་པ་དང་། ཕྱི་འབྲེལ་གྱི་བྱེད་སྒོ་གལ་ཆེན་ཁག་མང་པོར་ཞུགས་ཏེ། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་སྤེལ་རེས་རྒྱ་ཁྱབ་བྱས་པས། མཛའ་གྲོགས་ཟབ་ཏུ་ཕྱིན་པ་དང་ཡིད་ཆེས་ཟབ་ཏུ་ཕྱིན་ནས། ང་ཚོའི་གྲོགས་ཚོགས་རྒྱ་ཆེར་ཕྱིན་ཡོད།
2019ལོར་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུ་རྒྱུ་ཡིན། ལོ་བདུན་ཅུའི་རིང་དཀའ་ངལ་ཁྱད་བསད་དང་ལོ་ངོ་བདུན་ཅུའི་རིང་སྐྱིད་སྡུག་མཉམ་མྱོང་བྱས་ཡོད། མི་དམངས་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་གཞི་བརྟན་པོ་དང་། མི་དམངས་ནི་ང་ཚོའི་སྲིད་འཛིན་གྱི་གཏིང་ཤུགས་ཆེ་ཤོས་རེད། ལོ་འདི་དག་རིང་། ཀྲུང་གོའི་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་སྐྱེ་བོ་ཀུན་གྱིས་ཡིད་སྨོན་བྱེད་པའི་ཀྲུང་གོའི་ངོ་མཚར་གཏོད་ཡོད། རྒྱང་སྐྱོད་ལམ་བུ་གསར་པར་དཀའ་ངལ་དང་འགོག་རྐྱེན་གང་ཞིག་འཕྲད་རུང་། ང་ཚོས་མི་དམངས་ལ་དམ་པོར་བརྟེན་པ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་མཐའ་འཁྱོངས། བྲག་ལྟར་བརྟན་པའི་ཆོད་སེམས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ངར་ཤུགས། བློ་བརྟན་འགྱུར་མེད་ཀྱི་སྙིང་རུས་བཅས་ལ་བརྟེན་ནས། གོམ་པ་རེ་རེ་བཞིན་སྤོས་ནས་སྔར་འབྱུང་མ་མྱོང་བའི་རླབས་ཆེའི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏང་དགོས།
2019ལོར་གོ་སྐབས་ཡོད་ལ་འགྲན་སློང་ཡང་ཡོད། ཚང་མས་སྔར་བཞིན་མཉམ་དུ་འབད་འབུངས་དང་མཉམ་དུ་འབད་འཐབ་བྱ་དགོས། དཔྱ་ཁྲལ་ཉུང་དུ་གཏོང་བ་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་བྱ་ཐབས་ཁག་དོན་འཁྱོལ་བྱས་ནས། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏང་དགོས།
ལྷག་བསམ་ལྡན་པའི་ངང་རིགས་ཁག་གི་ཤེས་ལྡན་མི་སྣར་བརྩི་འཇོག་བྱས་ནས། ཁོང་ཚོའི་གསར་གཏོད་དང་གསར་སྐྲུན་གྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། གཞི་རིམ་ལས་བྱེད་པའི་བསམ་འཆར་ཉན་ནས། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁན་གྱི་ལས་བྱེད་པར་ངར་ཤུགས་ལྡན་པ་དང་མདུན་ལམ་ཡོད་པ་བྱ་དགོས། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་1000ལྷག་ཙམ་གྱི་དབུལ་སྒྲོལ་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཡོང་བར་ད་དུང་དམིགས་ཚད་ལ་དམ་པོར་གཞིགས་ནས་ལས་དོན་ཧུར་ཐག་གིས་བསྒྲུབ་དགོས།
དམག་ཞབས་ཐིམས་པའི་དམག་མིར་གཅེས་སྐྱོང་བྱེད་དགོས། ཁོང་ཚོས་ཁྱིམ་སྲུང་རྒྱལ་སྲུང་ལ་ལེགས་སྐྱེས་ཕུལ་ཡོད། མཚམས་འདིར། མྱུར་སྐྱེལ་ཕོ་གཞོན་དང་། ཁོར་ཡུག་འཕྲོད་བསྟེན་བཟོ་པ། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ། དེ་བཞིན་ངལ་རྩོལ་བ་ཁྲི་སྟོང་མང་པོ་བཅས་ད་དུང་དཀའ་ཚེགས་ཆེན་པོས་ལས་དོན་སྒྲུབ་བཞིན་ཡོད། ང་ཚོས་མཛེས་སྡུག་ལྡན་པའི་འཚོ་བ་གསར་གཏོད་བྱེད་མཁན་དང་སྲུང་སྐྱོང་བྱེད་མཁན་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མ་སྐུ་ལས་ཁག་སོང་།
གོ་ལ་ཧྲིལ་པོར་ཕྱོགས་སྐབས། ང་ཚོར་ལོ་བརྒྱར་འབྱུང་མྱོང་མེད་པའི་འགྱུར་བ་ཆེན་པོ་འཕྲད་བཞིན་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་གང་འདྲ་བྱུང་རུང་། ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ཡིད་ཆེས་དང་ཆོད་སེམས་འགྱུར་མི་སྲིད་ལ། ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་དང་སྐུལ་སློང་བཟང་པོ་འགྱུར་མི་སྲིད། ང་ཚོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་ཧུར་ཐག་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། དེ་བས་གྲ་རྒྱས་དང་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན།
ལོ་གསར་པའི་ཅོང་སྒྲ་གྲགས་གྲབས་ཡོད་པ་དང་། ང་ཚོས་ཡིད་ཆེས་དང་རེ་བས་ཁེངས་བཞིན་མཉམ་དུ་2019ལོར་བསུ་བ་ཞུ།
ཀྲུང་གོར་བཀྲ་ཤིས་སྨོན་འདུན་ཞུ། འཛམ་གླིང་ལ་བཀྲ་ཤིས་སྨོན་འདུན་ཞུ། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །
大家好!“岁月不居,时节如流。”2019年马上就要到了,我在北京向大家致以新年的美好祝福!
2018年,我们过得很充实、走得很坚定。这一年,我们战胜各种风险挑战,推动经济高质量发展,加快新旧动能转换,保持经济运行在合理区间。蓝天、碧水、净土保卫战顺利推进,各项民生事业加快发展,人民生活持续改善。京津冀协同发展、长江经济带发展、粤港澳大湾区建设等国家战略稳步实施。我在各地考察时欣喜地看到:长江两岸绿意盎然,建三江万亩大地号稻浪滚滚,深圳前海生机勃勃,上海张江活力四射,港珠澳大桥飞架三地……这些成就是全国各族人民撸起袖子干出来的,是新时代奋斗者挥洒汗水拼出来的。
这一年,中国制造、中国创造、中国建造共同发力,继续改变着中国的面貌。嫦娥四号探测器成功发射,第二艘航母出海试航,国产大型水陆两栖飞机水上首飞,北斗导航向全球组网迈出坚实一步。在此,我要向每一位科学家、每一位工程师、每一位“大国工匠”、每一位建设者和参与者致敬!
这一年,脱贫攻坚传来很多好消息。全国又有125个贫困县通过验收脱贫,1000万农村贫困人口摆脱贫困。17种抗癌药降价并纳入医保目录,因病致贫问题正在进一步得到解决。我时常牵挂着奋战在脱贫一线的同志们,280多万驻村干部、第一书记,工作很投入、很给力,一定要保重身体。
我始终惦记着困难群众。在四川凉山三河村,我看望了彝族村民吉好也求、节列俄阿木两家人。在山东济南三涧溪村,我和赵顺利一家围坐一起拉家常。在辽宁抚顺东华园社区,我到陈玉芳家里了解避险搬迁安置情况。在广东清远连樟村,我和贫困户陆奕和交谈脱贫之计。他们真诚朴实的面容至今浮现在我的脑海。新年之际,祝乡亲们的生活蒸蒸日上,越过越红火。
这一年,我们隆重庆祝改革开放40周年,对党和国家机构进行了系统性、整体性、重构性的改革,推出100多项重要改革举措,举办首届中国国际进口博览会,启动建设海南自由贸易试验区。世界看到了改革开放的中国加速度,看到了将改革开放进行到底的中国决心。我们改革的脚步不会停滞,开放的大门只会越开越大。
我注意到,今年,恢复高考后的第一批大学生大多已经退休,大批“00后”进入高校校园。1亿多非户籍人口在城市落户的行动正在继续,1300万人在城镇找到了工作,解决棚户区问题的住房开工了580万套,新市民有了温暖的家。很多港澳台居民拿到了居住证,香港进入了全国高铁网。一个流动的中国,充满了繁荣发展的活力。我们都在努力奔跑,我们都是追梦人。
此时此刻,我特别要提到一些闪亮的名字。今年,天上多了颗“南仁东星”,全军英模挂像里多了林俊德和张超两位同志。我们要记住守岛卫国32年的王继才同志,为保护试验平台挺身而出、壮烈牺牲的黄群、宋月才、姜开斌同志,以及其他为国为民捐躯的英雄们。他们是新时代最可爱的人,永远值得我们怀念和学习。
这一年,又有很多新老朋友来到中国。我们举办了博鳌亚洲论坛年会、上海合作组织青岛峰会、中非合作论坛北京峰会等主场外交活动,提出了中国主张,发出了中国声音。我和同事们出访五大洲,参加了许多重要外交活动,同各国领导人进行了广泛交流,巩固了友谊,增进了信任,扩大了我们的朋友圈。
2019年,我们将隆重庆祝中华人民共和国70周年华诞。70年披荆斩棘,70年风雨兼程。人民是共和国的坚实根基,人民是我们执政的最大底气。一路走来,中国人民自力更生、艰苦奋斗,创造了举世瞩目的中国奇迹。新征程上,不管乱云飞渡、风吹浪打,我们都要紧紧依靠人民,坚持自力更生、艰苦奋斗,以坚如磐石的信心、只争朝夕的劲头、坚韧不拔的毅力,一步一个脚印把前无古人的伟大事业推向前进。
2019年,有机遇也有挑战,大家还要一起拼搏、一起奋斗。减税降费政策措施要落地生根,让企业轻装上阵。要真诚尊重各种人才,充分激发他们创新创造活力。要倾听基层干部心声,让敢担当有作为的干部有干劲、有奔头。农村1000多万贫困人口的脱贫任务要如期完成,还得咬定目标使劲干。要关爱退役军人,他们为保家卫国作出了贡献。这个时候,快递小哥、环卫工人、出租车司机以及千千万万的劳动者,还在辛勤工作,我们要感谢这些美好生活的创造者、守护者。大家辛苦了。
放眼全球,我们正面临百年未有之大变局。无论国际风云如何变幻,中国维护国家主权和安全的信心和决心不会变,中国维护世界和平、促进共同发展的诚意和善意不会变。我们将积极推动共建“一带一路”,继续推动构建人类命运共同体,为建设一个更加繁荣美好的世界而不懈努力。
新年的钟声即将敲响,让我们满怀信心和期待,一同迎接2019年的到来。
祝福中国!祝福世界!
谢谢大家!