མཚོ་ཆེན་ཁྲི་ཤོར་རྒྱལ་མོ།

སྦི་གསང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03


མཚོ་ཆེན་ཁྲི་ཤོར་རྒྱལ་མོ།

འཛོམས་པ་ཡག་པོ་ཡག་པོ།

འུ་གཉིས་ཀྱི་བར་ཐག་དེ།

རྒྱང་མིག་གི་གཟིགས་ལམ་ན་ཡོད།

ཁྱེད་རང་དབྱར་ཟླ་དང་འགྲོགས་ནས།

གངས་འདབ་ཀྱི་མཐའ་རུ་འཚོལ།

མཚོ་ཆེན་ཁྲི་ཤོར་རྒྱལ་མོ།

ཁྱེད་ཀྱི་ཁ་དོག་ཡག་པོ།

མཚོ་དཀྱིལ་གྱི་མཚེའུ་དེ།

རི་རབ་དང་ངོ་འཛུམ་ན་ཡོད།

སྐར་ཚོགས་ཡོམ་ཡོམ་གྱི་དབུས་སུ།

ཁྱེད་རང་གི་ངོ་མདངས་དེ་སྔར་བཞིན་གནས།

མཚོ་ཆེན་ཁྲི་ཤོར་རྒྱལ་མོ།

ལྷག་བསམ་ཡག་པོ་ཡག་པོ།

བཞུར་ཟིན་པའི་ན་ནིང་གི་ལོ་ཟླའི་ནང་།

ཁྱེད་རང་རྡོ་རིང་ན་བརྐོས་ཡོད།

མི་ཚོགས་དང་ལྷན་དུ་རྒུད་མ་ཡོང་།

ཉི་མའི་བྱོན་ལམ་ན་གཟིགས་རོགས།


རྩོམ་ཡིག་སྔོན་མ།
རྟོད་ཐག་མེད་པའི་མི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1