ཉེ་བའི་ལོ་ནས་བཟུང་། རྫོང་དེའི་སློབ་གྲྭ་སོ་སོས་ཆའང་རིགས་ཀྱི་ཞབས་བྲོ་དང་། ཆའང་རིགས་ཀྱི་དབྱངས་རྟ། ཆའང་རིགས་ཀྱི་འཚེམ་དྲུབ་སོགས་ཆའང་རིགས་ཀྱི་རིག་གནས་ཁྱད་ཆོས་མངའ་བའི་སློབ་ཁྲིད་གྲ་སྒྲིག་བྱས་ཏེ། སློབ་མ་རྣམས་ལ་མི་རིགས་ཀྱི་དམངས་ཁྲོད་རིག་གནས་ལ་རྒྱུས་ལོན་བྱེད་དུ་བཅུག་པ་དང་།མི་རིགས་ཀྱི་རིག་གནས་སློབ་པར་དགའ་བ་དང་། མི་རིགས་ཀྱི་རིག་གནས་དགའ་བ། དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པར་སྤྲོ་བ་དང་བག་ཆགས་བཞག་པ་སོགས་ཀྱི་བྱ་འགུལ་སྤེལ་བ་ལས། སློབ་མ་རྣམས་རང་གི་མི་རིགས་ལ་དགའ་བ་དང་། རང་གི་རིག་གནས་ལ་བཅངས་པའི་བརྩེ་སེམས་ཆེ་བར་བཏང་སྟེ། རང་ཁུལ་གྱི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། དར་སྤེལ་ཡོང་བར་སྐུལ་འདེད་བཏང་བའོ། །