ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཕེབས་རོགས་འོག ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལིས་རྔ་བ་ཁུལ་བཙན་ལྷ་རྫོང་དུ་བརྟག་ཞིབ་མཛད་བཞིན་པ།
ཉེ་ཆར། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལིས་རྔ་བ་ཁུལ་དུ་བརྟག་ཞིབ་མཛད་སྐབས་སུ་གསུང་དོན། བློ་བརྟན་འགྱུར་མེད་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་བཏོན་པའི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་གཏིང་ཟབ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནན་སྲུང་བྱེད་པ། ཚད་མཐོ་བའི་འགན་འཁྲིའི་འདུ་ཤེས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་མཐོང་ཆེན་དང་། དངོས་རིགས་ཐོན་ཁུངས་དང་སྐྱེ་དངོས་སྣ་མང་ཅན་གྱི་སྐྱེ་འཕེལ་རང་བཞིན་སྲུང་སྐྱོང་བྱེད་དགོས།
རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཕེབས་རོགས་མཛད།
དབྱིན་ལི་ཐོག་མར་ཝོ་ལུང་རང་བྱུང་སྲུང་སྐྱོང་ཁུལ་དུ་སོང་ནས། དོམ་ཁྲར་རྩད་ཞིབ་བྱེད་པ་ལྟེ་བ་ཡིན་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་གི་ལས་ཀ་སྒྲུབ་ཚུལ་སོགས་ལ་བརྟག་ཞིབ་མཛད།
བཙན་ལྷ་རྫོང་སྐུ་བླ་རི་བོའི་ཀྲིན་ཧྲོང་ཏིའོ་སྡེ་བར་སོང་ནས། དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་ཀའི་གནས་ཚུལ་སོགས་ལ་བརྟག་ཞིབ་དང་རྒྱུས་ལོན་བྱས། ཁོང་གིས་གསུང་དོན། རི་སྔོ་ལ་ཆུ་དྭངས་པ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་བསམ་བློའི་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ནས། སྐྱེ་ཁམས་དང་སྔོ་ལྗང་མཐོང་ཆེན་བྱེད་པ་དེ་ལས་བྱེད་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས་ལ། གྲོང་སྡེ་རྙིང་བའི་རྗེས་ཤུལ་དང་ལོ་རྒྱུས་རིག་གནས་སྲུང་སྐྱོང་བྱས་ནས་ཕ་ཡུལ་གྱི་ཐོག་མའི་རྣམ་པ་སྲུང་འཛིན་བྱེད་དགོས། དེ་མིན་དབྱིན་ལིས་ས་ཁུལ་གཉིས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་སུ་ཁོང་གིས་གསུང་པར། ལས་གྲྭའི་སྤུས་ཚད་ལ་ཁག་ཐེག་དང་ལས་གྲྭའི་ཕན་འབྲས་ཇེ་ཆེར་གཏོང་བ་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབས་ནས། ལོ་མགོར་བཏོན་པའི་དམིགས་འབེན་དང་ལས་འགན་སོ་སོ་ལེགས་པོར་འགྲུབ་པར་བྱེད་དགོས།
བརྟག་ཞིབ་མཛད་སྐབས་སུ། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་། ཁུལ་ཨུའི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོ། ཁུལ་དཔོན་གཞོན་པ་ཧྲུའུ་ཁྲི་དང་། ཁུལ་དཔོན་གཞོན་པ་ཀོ་ཉིང་། ཀྲའོ་ཅིང་ཏུང་། དྲུང་ཆེན་གཞོན་པ་ཡུས་ཀོང་ཡ་སོགས་ཀྱིས་བརྟག་ཞིབ་མཛད་པར་ཕེབས་རོགས་བྱས།།