ནོར་ནག་གསོ་སྤེལ་བྱས་ནས་ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་བཏོན།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 11-28


   བཅོས་བསྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ་དང་བསྟུན། ཞིང་ལས་མཁོ་འདོན་ཐད་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་དེ་ཞིང་འབྲོག་ས་ཁུལ་འཕེལ་རྒྱས་གཏོང་ཡུལ་གཙོ་བོར་གྱུར་ཡོད། རྔ་བ་ཁུལ་བཙན་ལྷ་རྫོང་དུ་ས་གནས་དེ་གའི་དེང་རབས་ཀྱི་འབྲོག་ལས་འཕེལ་རྒྱས་ཀྱི་ལག་རྩལ་གསར་པ་དང་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པ་དང་། ནོར་ནག་ཚད་ལྡན་ཅན་གསོ་སྤེལ་བྱེད་པ་གཙོ་བོ་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ཕྱིར་ཚོང་བཅས་ཕལ་བ་བྱས་ནས། སི་ཁྲོན་ནུབ་རྒྱུད་བོད་ཁུལ་གྱི་སྲོལ་རྒྱུན་འབྲོག་ལས་ལུགས་བསྒྱུར་རིམ་སྤར་བྱས་པའི་ཐབས་ཤིག་རྙེད། 
 
  ཞུས་ཧྭ་ཕུའུ་ནི་བཙན་ལྷ་རྫོང་གི་མི་དཀྱུས་མ་ཞིག་ཡིན། ཆུང་དུས་ནས་ཁྱིམ་མི་དང་མཉམ་དུ་ཟོག་རྫི་ལ་སོང་བ་དང་དམའ་འབྲིང་མཐར་ཕྱིན་རྗེས། ཁྱིམ་དུ་ལོག་ནས་ཕྱུག་འཚོ་བ་རེད། འབྲོག་པ་གཞན་དག་དང་འདྲ་བ། ཞུས་ཧྭ་ཕུའུ་ཡིས་ནོར་ནག་ཚོ་ཡང་དབྱར་སྟོན་ལ་ཤ་ཤེད་རྒྱས་པ་དང་དགུན་ཁར་ཤ་ངན་པ། དཔྱིད་ཀ་ཤི་འགྲོ་བའི་རྣམ་པ་ཞིག་ཆགས་ཡོད་པ་རེད། ནོར་ནག་ལྷས་རའི་ནང་གསོ་རྒྱུ་ཡོད་སྲིད་དམ། 2007ལོར། ཞུས་ཧྭ་ཕུའུ་ལ་སྲོལ་རྒྱུན་གྱི་ནོར་ནག་གསོ་སྟབས་བསྒྱུར་བའི་བསམ་བློ་ཞིག་བྱུང་བ་རེད། ལོ་མང་པོ་ལ་དཀའ་ལས་བརྒྱབ་ནས་ལྷས་ར་ནང་དུ་ནོར་ནག་གསོ་སྤེལ་བྱེད་པའི་ཐབས་ལམ་ཞིག་རྙེད་པ་མ་ཟད་2014ལོར་བཙོན་ལྷ་རྫོང་ཞིན་ཆའོ་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་བཙུགས། ངལ་རྩོལ་པ་གླ་བ་དང་གཟན་རྩྭ་འདེབས་པ། ཟོག་འཚོ་རོགས་དང་གསོ་རོགས་བྱེད་པ། གྲོང་པ་ཐུན་མོང་གི་དཔལ་འབྱོར་མ་རྐང་ནང་ཞུགས་ནས་ཁེ་བགོ་བའི་ཐབས་ལམ་སོགས་ལ་བརྟེན་ནས་མང་ཚོགས་སྣེ་ཁྲིད་ནས་ཡོང་འཕར་བྱུང་ཡོད་པ་རེད། 
   མིག་སྔར། བཙན་ལྷ་རྫོང་གིས་ནོར་ནག་ཚད་ལྡན་གསོ་སྤེལ་ར་བ་སོ་ལྔ་བཙུགས་ཡོད་པ་དང་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཅུ་བཙུགས་ནས་ཞིང་འབྲོག་དུད་ཁྱིམ་ཆིག་སྟོང་ཉིས་བརྒྱ་ལ་ཕན་ཡོད། དེའི་ནང་དུ་དབུལ་ཕོངས་དུད་ཚང་༤༢༠ཡོད། མཉམ་ལས་ཁང་གི་ཁོངས་མི་ལ་ལའི་ལོ་རེའི་ཆ་སྙོམས་ཡོང་སྒོ་སྒོར་ཁྲི་གཅིག་སྟོང་གཉིས་འཕར་ཡོད་པས་ཞིང་འབྲོག་ལས་ཕན་འབྲས་ཆེ་བ་དང་ཞིང་འབྲོག་པའི་ཡོང་འབབ་མཐོ་བ་དབུལ་ཕོངས་དབུལ་བྲལ་བྱུང་ཐུབ་ཡོད། 
   2007ལོ་ནས་བཟུང་། བཙན་ལྷ་རྫོང་གིས་ནོར་ནག་ཚད་ལྡན་ཅན་གྱི་གསོ་སྤེལ་བྱེད་སྟངས་ལ་འཚོལ་ཞིབ་དང་ཕྱོགས་བསྡོམས་ཡང་ཡང་བྱས་པ་མ་ཟད་ད་དུང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཆེད་མཁས་པ་གདན་དྲངས་ནས་གཞི་གྲངས་ཚད་ལེན་གཏན་འཁེལ་དང་དབྱེ་ཞིབ་བྱས་ནས་ལག་རྩལ་གྱི་མཛུབ་སྟོན་མཁོ་འདོན་བྱས། མིག་སྔར་གྱི་བར་དུ། ཞིང་ལས་ལ་རྒྱབ་སྐྱོར་དང་ཞིང་པ་ལ་ཕན་པའི་ལས་གཞིའི་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་ལེགས་སྒྲིག་བྱས་ནས་ཚད་ལྡན་གསོ་སྤེལ་དཔེ་སྟོན་ར་བ་ལས་པ་ལ་རྒྱབ་སྐྱོར་བྱས་ཡོད། མང་ཚོགས་ལ་སྐུལ་སློང་བྱས་ནས་མ་དངུལ་བྱེ་བ་གཅིག་ས་ཡ་གཉིས་ལྷག་བསྡུས་ཡོད་ལ་གྲོང་ཚོ་ཐུན་མོང་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་མ་དངུལ་རྐང་ཞུགས་ལ་སྐུལ་མ་བྱས་པ་དང་།ཐབས་ལམ་མང་པོ་ལ་བརྟེན་ནས་མ་དངུལ་གྱིས་མི་འདང་བའི་གནད་དོན་ཐག་བཅད་པ་མ་ཟད་རྫོང་རིམ་པའི་ཞིང་ལས་ཆེད་ལས་མཉམ་ལས་ཁང་འདེམ་སྐོར་གྱི་བྱེད་ཐབས་གཏན་འབེབས་བྱས་ནས་ནོར་ནག་ཚད་ལྡན་གསོ་སྤེལ་མཉམ་ལས་ཁང་ཚད་ལྡན་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་བསྐྲུན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1