འཕེལ་རྒྱས་ཁྲོད་ཀྱི་ གངས་ལྗོངས་ཉི་གཞོན་། ཐེན་ཧྥུའུ་ཁུལ་གསར།

རྣམ་དཀར་ལྷ་མོས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


        2014年10月2日,四川天府新区获批成为国家级新区,天府新区成为中国第十一个国家级新区。11月24日,《四川天府新区总体方案》经国务院同意并正式印发。

天府新区成都片区总体发展规划:坚持“世界水平、全国一流、西部第一”工作标准,建设“四化同步”(新型工业化、信息化、城镇化、农业现代化),“四态合一”(现代化的城市形态、高端化的城市业态、特色化的城市文态、优美化的城市生态)的国际化现代化大都市新区,打造西部地区最具发展活力的新兴增长极。

མཚན་ངོགས་ཀྱི་ཁྲེན་ཏུའུ་ཟམ་ཆེན།

        预计到2020年,初步建成鹿溪智谷、天府中心和成都科学城起步区,天府新区经济总量突破2500亿元,成为“西部地区最具活力的新型增长极”;到2035年,基本建成天府新区核心区,经济总量站上万亿级台阶,成为内陆开放经济新高地;到2050年,全面建成天府新区,成为最具产业活力、最具城市张力、最具人文魅力的别样精彩的新极核,成为宜业宜商宜居的国际化现代化新城。

ཐེན་ཧྥུའུ་ཁུལ་གསར་གྱི་ཐོན་ལས་ཁུལ། 

        ཐེན་ཧྥུའུ་ཁུལ་གསར་ནི་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་གསར་དུ་བསྐྲུན་པའི་ཁུལ་གསར་ཞིག་ཡིན་ལ། འདི་ནི་རྒྱལ་ཁབ་རིམ་པའི་ཁུལ་གསར་འཛུགས་སྐྲུན་ཁྲོད་ཀྱི་ཁུལ་གསར་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་ཁུལ་གསར་འཛུགས་སྐྲུན་ཞེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ལྟར། རྒྱལ་ཁབ་ཀྱི་གཙོ་ཆེའི་འཕེལ་རྒྱས་དང་བཅོས་བསྒྱུར་སྒོ་འབྱེད་འཐབ་ཕྱོགས་འགན་འཁྲིའི་སྤྱིའི་བྱེད་ནུས་ལྡན་པའི་ཁུལ་ཡིན། རྒྱལ་ཁབ་རིམ་པའི་ཁུལ་གསར་ནི་ཀྲུང་གོས་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུའི་འགོར་བཙུགས་པའི་གསར་སྤེལ་སྒོ་འབྱེད་དང་བཅོས་བསྒྱུར་གྱི་གྲོང་ཁྱེར་ཆེན་པོའི་ཁུལ་ཡིན་ལ། ཁུལ་གསར་འཛུགས་རྒྱུ་དེ་རྒྱལ་ཁབ་ཀྱི་འཐབ་ཕྱོགས་སུ་གྱུར། སྤྱིའི་འཕེལ་རྒྱས་དམིགས་འབེན་དང་འཕེལ་རྒྱས་གནད་ཐིག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཅིག་གྱུར་གྱིས་འཆར་འགོད་དང་ཆོག་མཆན་འགོད་བཞིན་ཡོད། འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དང་དབང་ཆ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐད་ཀར་བཀའ་ལན་གནང་བཞིན་ཡོད། མངའ་ཁོངས་ནས་སྒོ་འབྱེད་དང་གཟིགས་སྐྱོང་གི་སྲིད་ཇུས་གང་མང་སྤེལ་ནས། ཁུལ་གསར་གྱིས་ལམ་ལུགས་གང་མང་བསྒྱུར་བཅོས་དང་གསར་གཏོད་འཚོལ་སྙེག་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།

ཐེན་ཧྥུའུ་ཁུལ་གསར་གྱི་ཚན་རྩལ་འགྲེམ་སྟོན་ཁང་། 

        དེ་ཡང་ཐེན་ཧྥུའུ་ཁུལ་གསར་ནི་2010ལོ་ནས་བཟུང་འཆར་གཞི་བཀོད་དེ། 2014ལོའི་ཟླ་10པའི་ཚེས་2ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སི་ཁྲོན་ཐེན་ཧྥུའུ་ཁུལ་གསར་འཛུགས་པར་འཐད་པ་བྱུང་བ་དང་འབྲེལ་བའི་བཀའ་ལན།》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡིག་ཆ〔2014〕ཨང་133་པ།)དཔར་ནས། སི་ཁྲོན་ཐེན་ཧྥུའུ་ཁུལ་གསར་འཛུགས་པར་འཐད་པ་བྱུང་ནས་ཀྲུང་གོའི་ནུབ་ཕྱོགས་ས་ཁུལ་གྱི་རྒྱལ་ཁབ་རིམ་པའི་ཁུལ་གསར་ཨང་ལྔ་པར་གྱུར། ཁུལ་གསར་གྱི་ཁོངས་ལ་ཁྲེན་ཏུའུ་དང་མེན་ཧྲན་གྲོང་ཁྱེར་གཉིས་ཀྱི་རྫོང་ཁག(ཁུལ་དང་གྲོང་ཁྱེར།)7འདུས་ཡོད་ལ། འཆར་འགོད་གཞི་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1578ཡོད། ཐེན་ཧྥུའུ་ཁུལ་གསར་གྱི་ས་ཁོངས་གནས་བབ་འབུར་ཐོན་དང་། འགྲིམ་འགྲུལ་སྒྲིག་ཆས་ཆ་ཚང་བ། ཐོན་སྐྱེད་རྨང་གཞི་ལེགས་པ། ཚན་ཁྱབ་སློབ་གསོ་སྟོབས་ལྡན་ཡིན་ལ། སི་ཁྲོན་ཐེན་ཧྥུའུ་ཁུལ་གསར་དེ་ནུབ་རྒྱུད་གསར་སྤེལ་འཐབ་ཕྱོགས་དང་གྲོང་ཁྱེར་དང་གྲོང་རྡལ་གསར་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བའི་འཐབ་ཕྱོགས་གཙོ་བོ་ཞིག་ཏུ་གྱུར་ཡོད། ནང་ལོགས་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་དང་། ནུབ་ཕྱོགས་ས་ཁུལ་གྱི་ཚུལ་བསྒྱུར་རིམ་སྤར། རྒྱལ་ཁབ་མངའ་ཁོངས་འཕེལ་རྒྱས་གནས་སྟངས་ལེགས་བསྒྱུར་སོགས་ལ་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད། ཐེན་ཧྥུའུ་ཁུལ་གསར་གྱི་འཛུགས་སྐྲུན་དེ་དེང་རབས་བཟོ་སྐྲུན་ལས་རིགས་གཙོ་བྱས་པའི་རྒྱལ་སྤྱིའི་རང་བཞིན་གྱི་དེང་རབས་ཁུལ་གསར་ཡིན་ལ། ཐོན་བདེ་ཚོང་བདེ་འདུག་བདེ་ཡི་གྲོང་ཁྱེར་སྐྲུན་རྒྱུ་དང་། དེང་རབས་ཐོན་རྫས་ལེགས་གྲས་ཀྱི་ཐོན་ལས་འདུས་སྡོད་ཁུལ། གྲོང་ཁྱེར་དང་གྲོང་གསེབ་མཉམ་གནས་ཀྱི་ཁུལ་སོགས་འཛུགས་སྐྲུན་བྱ་རྒྱུ་རེད།

        འཛུགས་སྐྲུན་གྱི་འཆར་གཞི་ལྟར་ན་“གྲོང་ཁྱེར་གཅིག་དང་ཁུལ་གཅིག རྒྱུད་གཅིག གྲོང་རྡལ་གཉིས།”འཛུགས་རྒྱུ་དང་། “གྲོང་ཁྱེར་གཅིག”ཅེས་པ་དེ་ཁྲེན་ཏུའུ་ཚན་རིག་གྲོང་འཛུགས་རྒྱུ་དེ་ཡིན་ལ། འབྱོར་ཕྱུག་མཚོ་མོའི་མཐའ་འཁོར་བརྒྱུད་ནས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་73ཅན་བསྐྲུན་འཆར་ཡོད་ཅིང་ཐོག་མའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་25ཡོད། དེ་ནི་“གསར་གཏོད་རྣམ་ཤེས་བྱས་ཏེ། ཚན་རིག་གིས་གྲོང་ཁྱེར་བསྐྲུན།”ཞེས་པའི་འདུ་ཤེས་གཞིར་བཟུང་ནས། རྨང་གཞིའི་ཚན་རིག་དང་སྐྱེ་དངོས་གསོ་རིག ཆ་འཕྲིན་བདེ་འཇགས། རིག་ལྡན་ཐོན་ལས། གསར་འདོན་འཆར་འགོད། ཚན་རྩལ་ཞིབ་བཟོ། གསར་དར་དངུལ་རྩ་སོགས་གསར་དར་ཐོན་ལས་ཐད་ལ་ཤུགས་སྣོན་རྒྱགས་རྒྱུ་གཙོར་བཟུང་ནས། དམག་དམངས་གཏིང་འདྲེས་ཀྱི་ལྟེ་བའི་ཁུལ་འགྲུབ་རྒྱུ་ཇེ་མགྱོགས་གཏོང་བ་དང་གསར་གཏོད་རང་བཞིན་གཙོ་བྱས་པའི་འདུས་སྡོད་ཁུལ་འཛུགས་རྒྱུ་བྱས་ནས། གསར་གཏོད་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དང་། རྒྱལ་སྤྱིར་བག་ཆགས་ཟབ་པའི་“ནུབ་ཕྱོགས་གསར་གཏོད་གྲོང་ཁྱེར་དང་པོ།”བསྐྲུན་རྒྱུ་རེད།

ཐེན་ཧྥུའུ་ཁུལ་གསར་གྱི་ཚན་རྩལ་འགྲེམ་སྟོན་ཁང་།

        ཁུལ་གཅིག་ཅེས་པ་ནི་ཐེན་ཧྥུའུ་ཚོང་དོན་ཁུལ་ཡིན་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་9ཡོད་ལ། “གྲོང་ཁྱེར་ཀྱི་ལྟེ་བ་གསར་པ། འཕེལ་རྒྱས་ཀྱི་མཐོ་སྒང་གསར་པ།”ཡི་གནད་ཐིག་བྱས་ནས། གཙོ་བོ་ཚོང་འགྲེམ་དཔལ་འབྱོར་དང་། སྤྱི་ཁྱབ་དཔལ་འབྱོར། ཐོན་རྫས་ལེགས་གྲས་ཀྱི་ཚོང་ལས། མགྲོན་ཁང་ཞབས་ཞུ་དང་འཕྲོད་བསྟེན་སློབ་གསོ་སོགས་འཕེལ་རྒྱས་གཏང་ནས་དེང་རབས་གྲོང་ཁྱེར་གྱི་བྱེད་ནུས་འཛོམས་པའི་དེང་རབས་རང་བཞིན་ཅན་དང་རྒྱལ་སྤྱིའི་རང་བཞིན་ཅན། ཐོན་རྫས་ལེགས་གྲས་ཀྱི་ཚོང་འགྲེམ་བཅས་ཀྱི་ལྟེ་བའི་ཁུལ་འཛུགས་རྒྱུ་རེད།
        རྒྱུད་གཅིག་ཅེས་པ་ནི་ཅིན་ཅང་སྐྱེ་ཁམས་རྒྱུད་ཡིན་ལ། དེ་ནི་སྐྱེས་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་ཡིན་ཞིང་། ཐེན་ཧྥུའུ་ཁུལ་གསར་གྱི་ཅིན་ཅང་གཙང་པོའི་རྒྱུད་དུ་ཡོད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་17ཡོད་ལ། “ཡིད་འཕྲོག་ཅིན་ཅང་། སྐྱེ་ཁམས་ཆུ་ངོགས།”ཀྱི་འཕེལ་རྒྱས་གནད་ཐིག་གཞིར་བཟུང་ནས། ལུས་རྩལ་ངལ་གསོ་དང་རིག་གནས་ཞབས་ཞུ། ཚོང་ལས་ཚོང་དོན། རིག་གནས་སྤྲོ་སྐྱིད་སོགས་དེང་རབས་གྲོང་ཁྱེར་གྱི་བྱེད་ནུས་ལྡན་པའི་ཆུ་ངོགས་སྐྱེ་ཁམས་སྤྲོ་གསེང་ཁྱམས་ར་འཛུགས་སྐྲུན་བྱ་རྒྱུ་རེད།
        གྲོང་རྡལ་གཉིས་ཞེས་པ་ནི་ཧོ་ཅང་གྲོང་རྡལ་དང་ཐེ་ཕིང་གྲོང་རྡལ་ཡིན་ལ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་ཡིན། ཧོ་ཅང་གྲོང་རྡལ་གྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་1.2དང་། ཐེ་ཕིང་གྲོང་རྡལ་གྱི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་2ཡོད་ལ། དེ་ནི་སྤྱིར་བཏང་གི་གྲོང་གསེབ་ནས་ཁྱད་ལྡན་གྲོང་གསེབ་ཏུ་རིམ་སྤར་བཅོས་སྒྱུར་བྱ་རྒྱུའི་དམིགས་འབེན་དང། དེང་རབས་གྲོང་ཁྱེར་ཞིང་ལས་དང་ཞིང་ལས་ལྗོངས་རྒྱུའི་འགྱོགས་རྟེན་བྱས་ནས། གསར་དར་གྲོང་རྡལ་གྱི་རྣམ་པ་དང་ཁྲེན་ཏུའུ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཞིང་གྲོང་གཅིག་གྱུར་དང་གྲོང་གསེབ་གསར་པའི་འཛུགས་སྐྲུན་དཔེ་སྟོན་ཁུལ་འཛུགས་རྒྱུ་རེད།
        འདས་པའི་ལོ་འདི་འགའི་ནང་། ཐེན་ཧྥུའུ་ཁུལ་གསར་ཀྱི་འཛུགས་སྐྲུན་དང་འཆར་འགོད་དུས་ལྟར་ལག་བསྟར་བྱེད་བཞིན་ཡོད་ལ། ཐོག་མའི་འཛུགས་སྐྲུན་གྱི་འཆར་གཞི་བདེ་ལེགས་ངང་ལེགས་གྲུབ་བྱུང་ཡོད་ལ། ཁུལ་གསར་ཁུལ་དུ་ཤེས་ལྡན་མི་སྣ་ནང་འདྲེན་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་ལམ་ལུགས་རབ་དང་རིམ་པ་ཐོན་བཞིན་ཡོད་ལ། ལྷག་པར་དུ་གསར་གཏོད་དང་གསར་སྤེལ། ལས་གཏོད་སོགས་གསར་དར་ལས་རིགས་ལ་སྐུལ་མ་དང་རྒྱབ་སྐྱོར་གང་མང་གནང་བཞིན་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1