བཟོ་བཀོད་པ་རྣམས་ཀྱིས་ཟམ་པ་དེ་ནི་ཀྲུང་གོའམ་ཐ་ན་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བ་མ་ཟད། ཆེས་ཚད་ལྡན་ཡིན་པ་དང་འགྲན་སློང་རང་བཞིན་ཆེས་ཆེ་བའི་མཚོ་བརྒལ་ཟམ་པའི་བཟོ་སྐྲུན་ཞིག་ཡིན་ཟེར། ཟམ་པ་དེས་ཀྲུང་གོའི་ལག་རྩལ་དང་སྒྲིག་ཆས། ཚན་ཞིབ་ཆུ་ཚད་སོགས་ཁྱབ་ཁོངས་གང་མང་ཐད་ནས་ཐོད་བརྒལ་བྱས་པ་མཚོན་ཡོད།
ཀང་ཀྲུའུ་ཨའོ་ཟམ་ཆེན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡའེ་ལེ་ནི་ཟམ་པ་འཛུགས་སྐྲུན་གྱི་ལས་ལ་ཞུགས་ནས་ལོ་སུམ་ཅུ་ལྷག་འགོར་ཡོད་ལ། ཟམ་ཆེན་དེའི་སྐོར་སྐད་ཆ་གླེང་དུས་ཁོ་བོའི་གདོང་ལ་འཛུམ་མདངས་རྒྱས་ཤིང་སེམས་ལ་དགའ་སྤྲོས་ཁེངས་འདུག 2004ལོར་ཟམ་པ་བསྐྲུན་འགོ་བརྩམས་པ་ནས་བཟུང་ཡའེ་ལེ་མགོ་འཇུག་བར་གསུམ་དུ་ཟམ་པ་དེའི་བཟོ་སྐྲུན་གྱི་ལས་ལ་ཞུགས། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱིས་ང་ཚོར་འགྲིམ་འགྲུལ་གྱི་མཐུན་རྐྱེན་བསྐྲུན་པར་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར། རིག་གནས། ཡུལ་སྐོར་སོགས་ཕྱོགས་གང་ཅིའི་ཐད་ནས་ནུས་པ་འདོན་བཞིན་ཡོད་ལ་འབྱུང་འགྱུར་མཚོ་ཁུག་ཆེ་ཁུལ་གྱི་འཛུགས་སྐྲུན་ལའང་དོན་སྙིང་གལ་ཆེན་ལྡན། ཡའེ་ལེ་ཡིས་ཟམ་ཆེན་འདི་ནི་འདས་སོང་གི་ལོ་རྒྱུས་དང་ད་ལྟའི་འབྲེལ་ལམ་ཡིན་ལ་མ་འོངས་པར་ཁ་ཕྱོགས་ས་ཞིག་ཀྱང་ཡིན་ཟེར།
རླངས་འཁོར་གཏང་ལ་ཉེ་བའི་ཀང་ཀྲུའུ་ཨའོ་ཟམ་ཆེན་ནི་ཤར་ནུབ་ཀྱི་ས་ཁུལ་གསུམ་དུ་སྦྲེལ་ཡོད་པས། ཀང་ཏུང་དང་ཞང་ཀང་། ཨའོ་མིན་བཅས་མཚོ་ཁུག་ཆེ་བ་ཁག་གི་གྲོང་ཁྱེར་གྱི་ཚོགས་འཕེལ་རྒྱས་བྱུང་བར་བསམ་བློ་གསར་བ་བཏོན།
ཡང་ཡའེ་ལེ་ཡིས་ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ཟམ་པའི་བཟོ་སྐྲུན་ཐད་ཐུན་མོང་མ་ཡིན་པའི་མིང་བྱང་ཞིག་ཡིན་ལ། མ་འོངས་དོ་དམ་གྱི་ཕྱོགས་ནས་ཀྱང་ཐུན་མོང་མ་ཡིན་པའི་མིང་བྱང་ཞིག་ཡིན་སྲིད། བཟོ་སྐྲུན་དེས་ད་དུང་ཉམས་མྱོང་གསར་པསྐྲུན་བཞིན་ཡོད་ཅེས་ཟེར།
1988ལོར། ཞང་ཀང་དུ་ཚོང་ལས་གཉེར་བཞིན་པའི་ཧི་ལའང་མའེ་ཀྲུའུ་ཧེ་རུ་མ་དངུལ་བཞག་སྟེ་བཟོ་གྲྭ་འཛུགས་འགོ་བརྩམས། ལོ་30ཡི་རིང་བདག་གཉེར་བྱས་པ་བརྒྱུད། ཐཱན་ཝེ་མ་རྐང་ཚོད་འཛིན་ཚད་ཡོད་སྤྱི་གཉེར་ཁང་ནི་འཛམ་གླིང་དུ་མིང་གྲགས་ཆེ་བའི་མཉམ་འདུས་དང་བསྐྱར་སྐྱེས་ཀྱི་སྤྱི་གཉེར་ཁང་སྤུས་ལེགས་ཅན་དུ་གྱུར། ཧི་ལའང་མའེ་རྒྱུན་པར་གྲུ་གཟིངས་དང་རླངས་འཁོར་སོགས་ལ་བསྡད་ནས་ས་ཁུལ་གསུམ་དུ་འགྲོ་འོང་བྱ་དགོས་ལ། ལམ་ཐག་རིང་བས་དཀའ་ངལ་ཆེན་པོ་མྱོང་བཞིན་ཡོད། ཡའེ་ལེ་ཡིས་སྔོན་ཆད་གནམ་གྲུའི་ལན་གྲངས་ད་ལྟ་བཞིན་མང་པོ་མེད་ལ། སྐབས་འགར་རྒྱ་མཚོའི་རླུང་འཚུབ་ཡོད་པས་གྲུ་གཟིངས་ཀྱང་གཏོང་མི་ཐུབ། དེར་བརྟེན། ང་ཚོས་གཞུང་ལམ་སྟེང་ནས་སྐོར་བ་ཆེན་པོ་བརྒྱབ་སྟེ་འགྲོ་དགོས་ཐུག་ཡོད་ཅེས་ཟེར།