(ཚངས་མགུར་ཚན་བཤུས།)
ཐུབ་བསྟན་དཔལ་ལྡན་ནི་མིང་དུ་གྲགས་པའི་རྒྱལ་ཁབ་ཀྱི་མཐོ་རིམ་པར་ལེན་པ། དེང་རབས་བོད་ཀྱི་པར་ལེན་པ་ཡིན་ལ། ཀྲུང་གོའི་པར་ལེན་པ་མཐུན་ཚོགས་ཀྱི་ཁོངས་མི། རྒྱལ་སྤྱིའི་པར་ལེན་པ་མནའ་འབྲེལ་གྱི་ཚོགས་མི། དབྱིན་ཇིའི་རྒྱལ་རྒྱུད་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཡིན།
ཁོང་གི་བརྩམས་ཆོས་500ལྷག་སྔ་གཞུག་ཏུ་རྒྱལ་ཕྱི་ནང་གི་པར་འགྲེམ་ཆེ་གྲས་དང་པར་ལེན་འགྲན་སྡུར་ཁྲོད་ནས་གསེར་གྱི་བྱ་དགའ་དང་དངུལ་གྱི་བྱ་དགའ། ཟངས་ཀྱི་བྱ་དགའ། གཟེངས་རྟགས་སོགས་ཀྱི་བྱ་དགའ་གང་མང་ཐོབ། དེའི་ཁྲོད་ཀྱི་པར་རིས་བརྩམས་ཆོས་ཁ་ཤས་རྒྱལ་ཁབ་དང་ས་གནས་སོ་སོ་རུ་ཀྲུང་གོ་དང་ཕྱི་རྒྱལ་(ཨ་རི། དབྱིན་ཇི། ཧྥ་རན་སི། དབྱི་ཐ་ལི། གེ་རེ་སི། ཨོ་སི་ཐྲ་ལི་ཡ། ཧོ་ལན། ནོར་ཝེ། ནེའུ་ཙི་ལན། ཨ་ཀེན་ཐེན། དབྱི་རག འཇར་པན། ཧན་གོ)གྱི་རིག་གནས་སྒྱུ་རྩལ་སྤེལ་རེས་ཀྱི་པར་རིས་འགྲེམ་སྟོན་དུ་ཞུགས་ཅིང་། 《ཀྲུང་གོའི་པར་ལེན་ཚགས་པར།》དང་《མང་ཚོགས་ཀྱི་པར་ལེན།》 《ཀྲུང་གོའི་རྒྱལ་ཁབ་ས་ཁམས།》《འོད་སྣང་ཉིན་རེའི་ཚགས་པར།》《མི་རིགས་ཚགས་པར། 》《གངས་ལྗོངས་ཉི་གཞོན།》སོགས་དུས་དེབ་ཏུ་བདམས་བཀོད་བྱས་ཡོད།
གྲུབ་འབྲས་གཙོ་བོ།
2008ལོར་《གནས་རིའི་གཟི་མདངས།》ཞེས་པའི་པར་རིས་བརྩམས་ཆོས་དེ་འཛམ་གླིང་རང་བྱུང་ཐེབས་རྩ་ཚོགས་པས་ཉར་ཚགས་བྱས།2010ལོར་《བཟི་འོད།》ཅེས་པའི་པར་རིས་བརྩམས་ཆོས་དེ་དབྱིན་ཇིའི་རྒྱལ་རྒྱུད་སྒྱུ་རྩལ་ཐེབས་རྩ་ཚོགས་པས་ཉར་ཚགས་བྱས།2012ལོར་མཚོ་སྔོན་ཞིང་ཆེན་རྨ་འབྲི་རྫ་གསུམ་འགོ་ཁུངས་གཞུང་ལས་ཁང་དང་མཚོ་སྔོན་ཞིང་ཆེན་རིག་རྩལ་ལྷན་ཚོགས་ཀྱིས་《རྨ་འབྲི་རྫ་གསུམ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་ཀ།》ཡི་པར་ལེན་མཛད་རྗེས་ཀྱི་མིང་མཚན་གནང་།
2013ལོར་ཁོང་གིས་པར་ལེན་བྱ་གཞག་འཕེལ་རྒྱས་ཁྲོད་བྱས་རྗེས་འབུར་ཐོན་བཞག་ཡོད་པར་གཞིགས། མཚོ་སྔོན་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱིས་《མཚོ་སྔོན་པར་ལེན་བྱ་དགའ།—པར་ལེན་བརྩམས་ཆོས་བྱ་དགའ།》གནང་།2014ལོར་《གནས་རི་དང་རྒྱུ་སྐར།》སོགས་བརྩམས་ཆོས་20ལྷག་《ཀྲུང་གོའི་པར་ལེན་སྒྱུ་རྩལ་ལོ་རིམ་མེ་ལོང་》དུ་བཅུག་པ་དང་། 2017ལོར་ཆེད་སྒྲིག་བརྩམས་ཆོས《དགོ་བ》ལ་སྐབས་གཉིས་པའི་ཕ་ཡུལ་གྱི་ལམ་ཞེས་པའི་ཀྲུང་གོ་གྲངས་ཉུང་མི་རིགས་པར་ལེན་པའི་བྱ་དགའ་ཐོབ། ལོ་དེར། 2017ལོའི་སྐབས་ལྔ་བའི་ཀྲུང་ཧྭ་སྒྱུ་རྩལ་གསེར་རྟའི་བྱ་དགའ་བླངས་ནས་བོད་ཀྱི་སྒྱུ་རྩལ་པའི་ཁྱབ་ཁོངས་འདིའི་སྟོང་ཆ་བསྐང་བ་རེད། དེ་མ་ཟད་འདི་ཡང་བོད་ཀྱི་བོད་ཀྱི་སྒྱུ་རྩལ་པ་ཞིག་ལ་ཐོབ་པའི་ཆེས་མཐོའི་གཟེངས་རྟགས་ཀྱི་གྲས་སུ་གྱུར་འདུག 2018ལོར། ཐུབ་བསྟན་དཔལ་ལྡན་གྱིས་2017ལོར་རྒྱལ་སྤྱིའི་པར་འགྲེམ་བྱ་དགའ་131ལྷག་བླངས་ནས་སྒྱུ་རྩལ་གྱི་ཁྱབ་ཁོངས་འདི་ནས་ཕུལ་དུ་བྱུང་བའི་ཀྲུང་གོའི་པར་ལེན་པ་འདི་ལ་་གཟེར་བསྟོད་བྱེད་ཆེད། ཀྲུང་གོའི་སྒྱུ་རྩལ་ཐེབས་རྩ་ཚོགས་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་པར་ལེན་ལས་ཀ་པའི་མཐུན་ཚོགས། རྒྱལ་སྤྱིའི་ཀྲུང་གོ་བའི་པར་ལེན་རྨད་བྱང་བཅུའི་ཨུ་ཡོན་ལྷན་ཚོགས་ཀྱི་ཆོག་མཆན་བརྒྱུད། ཐུབ་བསྟན་དཔལ་ལྡན་ལ་རྒྱལ་སྤྱིའི་ཀྲུང་གོ་བ་པར་ལེན་བཅུའི་མཚན་བྱང་གནང་ནས། བྱ་དགའ་འདི་ཐོབ་པའི་བོད་པ་ཐོག་མར་གྱུར། །