ཝུན་ཁྲོན་དང་ཆུ་ཆེན་ནས་ཚོཊ་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱས།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡ ཚེས་ ༢༣

ཝུན་ཁྲོན་རྫོང་སློབ་གསོ་ཅུས་ཡིས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲིན་ཡིད་ལ་དམ་པོར་འཛིན་པ་ཅེས་པ་བརྗོད་བྱ་གཙོ་བོ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཏམ་བཤད་འགྲན་བསྡུར་བྱས།འགྲན་བསྡུར་ཁྲོད་དུ་ཝུན་ཁྲོན་ནས་ཡོང་བའི་སློབ་གྲྭ་འབྲིང་ཆུང་གི་འགྲན་ཞུགས་མི་སྣ་བཅོ་བརྒྱད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཟུང་འབྲེལ་དམ་པོ་བྱས་ནས། རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་དང་ལས་དོན་དངོས་ལས།ནང་དོན་ཕུན་སུམ་ཚོགས་པ་དང་གསོན་ཉམས་ལྡན་པའི་སྐད་ཆའི་ཐོག་ནས་སློབ་གསོའི་ལས་དོན་སྒྲུབ་མཁན་རྣམས་ལ་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་འབད་འབུངས་བྱེད་པའི་ལས་ཀའི་རྣམ་འགྱུར་བཅས་ལས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོ་འཛིན་པ་མངོན་གསལ་དུ་བཏང་སྟེ།ཏང་གི་རྗེས་སུ་བསྙེག་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ལྡན་པ་ཡོད།
འགྲན་ཞུགས་པ་རྣམས་ཀྱིས་བརྩེ་དུང་ཟབ་པའི་སྒོ་ནས་གུང་ཁྲན་ཏང་གི་བརྩེ་བ་མངོན་པར་བྱེད་པ་དང་སྐབས་ཐོག་འདོན་སྤེལ་བྱས།
ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་རྒྱ་ཆེའི་སློབ་གསོའི་ལས་བྱེད་པ་རྣམས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་བྱ་མངོན་གསལ་དུ་གཏོང་རྒྱུ་དང་།སྔར་ལས་ཀྱང་བསམ་བློ་དང་འགུལ་སྐྱོད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་འགྱུར་གཏན་འཁེལ་བྱས་ནས།གོམ་གང་མདུན་སྤོས་ཀྱི་སྒོ་ནས་རྫོང་གི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་ཡོད་ལ།ཕྱོགས་ཡོངས་ནས་ཝུན་ཁྲོན་གྱི་བཟང་གསུམ་ཕྱུག་གཉིས་འཛུགས་སྐྲུན་ཐུབ་ཆེད་བྱས་རྗེས་འཇོག་རྒྱུ་དེ་རེད།།
