གསོ་ཚགས་དང་འདེབས་འཛུགས་ལས་རིགས་འཕེལ་རྒྱས་བཏང་ནས་མང་ཚོགས་དབུལ་གྲོལ་ལམ་དུ་ཁྲིད་པ།

ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡ ཚེས་ ༨
        ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག  སྤྱི་ལོ་2015ལོར་བེའུ་མདའ་ཤང་གིས་མ་དངུལ་གྲབ་གསོག་དང་བརྩོན་ལེན་བྱས་ནས་བེའུ་མདའ་གྲོང་ཚོར་གཞི་ཁྱོན་ཆུང་བའི་སྐྱེ་ཁམས་འཁོར་རྒྱུག་ཞིང་ལས་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན།  ད་ཆ་རྟེན་གཞི་དེར་ཁ་རུབ་ཀྱི་བོད་ཕག་100ཙམ་དང་ཧུང་ལའི་བོད་བྱ་2000ལྷག་ཙམ།  འབྱུང་འཕྲོད་སྔོ་ཚལ་འདེབས་འཛུགས་དྲོད་ཁང་8བཅས་ཡོད་པ་དང་།  རྟེན་གཞི་དེ་བརྒྱུད་ས་གནས་དེ་གའི་དབུལ་ཕོངས་དུད་ཁྱིམ་18ཀྱི་མང་ཚོགས་58ཡོང་འབབ་འཕར་སྣོན་བྱུང་ཡོད་པ་རེད།།