ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡ ཚེས་ ༤
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་འབྲས་སྤུངས་ཤང་སྤ་སྟེང་གྲོང་ཚོའི་མང་ཚོགས་རྣམས་སྨྱུག་བསླས་ལག་རྩལ་ལ་བྱང་ཆུབ་པོ་ཡོད་པས། ད་ཆ་ས་གནས་དེ་གའི་སྲིད་གཞུང་གིས་སྨྱུག་བསླས་ལག་ཤེས་དེ་མངོན་མིན་ཤུལ་བཞག་རིག་གནས་ཁོངས་སུ་བཅུག་པ་མ་ཟད། ལག་ཤེས་དེ་ལ་བརྟེན་ནས་མང་ཚོགས་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་གང་ཐུབ་བྱེད་བཞིན་ཡོད།།