རིན་མེད་ཁ་ལོ་བའི་གཞུང་ལུགས་སློབ་པར་འབྲོག་པ་ཚོས་དགའ་བསུ་ཐོབ།
ཡོང་ཁུངས། རྔ་བ་རྒྱང་སྒྲོག་ཁང་།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༢༧

སློབ་སྦྱོང་གི་ཡུལ་དངོས་སུ། སློབ་མ་ལ་ལས་ལག་པ་བཀྱག་ནས་དགེ་རྒན་ལ་དྲི་བ་འདྲི་བ་དང་དགེ་རྒན་དང་སློབ་སྦྱོང་གི་ཐབས་ལམ་ཐད་བསམ་བློ་བརྗེ་རེས་བྱས་ཏེ་སློབ་སྦྱོང་གི་མཁའ་དབུགས་གསར་པ་ཞིག་ཆགས། འབྲོག་པ་མང་ཚོགས་ཀྱི་རྒྱ་ཡིག་ཞན་པས་དགེ་རྒན་གྱིས་བོད་སྐད་ཀྱི་ལམ་ནས་ཁ་ལོ་བའི་གཞུང་ལུགས་ཤེས་བྱ་ཁྲིད་པར་སྤྲོ་བ་ཆེན་པོ་སྐྱེས།།