ཕན་ཅི་ཝུན་གྱིས་ཕ་ཀི་སི་ཐན་དང་ཨི་ཟི་རེལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དུས་ཚོད་ཉེར་བཞིས་ཇེ་རིང་དུ་གཏོང་དགོས་པའི་སྐུལ་མ་བཏང་།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༧ ཚེས་ ༢༩

གསལ་བསྒྲགས་ལས་བཤད་རྒྱུར། ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགོ་ཁྲིད་པར་མཉམ་ལས་ཟབ་མོ་བྱས་པའི་ཞོར་དུ་ཕན་ཅི་ཝུན་གྱིས་ཕ་ཀི་སི་ཐན་དང་ཨི་ཟི་རེལ་ཕྱོགས་གཉིས་ལ་ཤུགས་རྐྱེན་ཡོད་པའི་ཕྱོགས་སོ་སོས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཇེ་རིང་དུ་གཏོང་བ་དང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་རྗེས་བརྩི་སྲུང་བྱེད་པར་ཡར་སྐུལ་བྱ་དགོས་ཟེར།།