ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༢༥
ཉེ་བའི་ལོ་ཤས་རིང་། མི་རབས་རྗེས་མ་ཚོས་ས་གནས་དེ་གའི་སྲོལ་རྒྱུན་རིག་གནས་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་དང་ཉམས་ལེན་ཐུབ་ཆེད། མངའ་རིས་ས་ཁུལ་རུ་ཐོག་རྫོང་རི་གསུམ་ཤང་སློབ་ཆུང་གིས་སློབ་གྲྭར་བྲག་བརྐོས་རི་མོའི་པར་རིས་འགྲེམས་སྟོན་ཁང་བཙུགས་ནས་བྲག་བརྐོས་རི་མོ་སྤུས་ལེགས་སློབ་མའི་ཉལ་ཁང་གི་གྱང་དུ་བྲིས་ཤིང་། འདི་ནི་རི་གསུམ་ཤང་སློབ་ཆུང་གི་སློབ་མས་བློ་རྩེ་གཅིག་སྒྲིམ་ངང་བྲག་བརྐོས་རི་མོའི་པར་རིས་ལ་ལྟ་བཞིན་པའི་རྣམ་པ་རེད།།