ཇོ་ནང་ལྷ་རིས་སྒྱུ་རྩལ་གྱི་རྐང་འཛིན་སློབ་མ་སྐོར་གཅིག་མཐར་ཕྱིན་པ།

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འཛམ་ཐང་རྫོང་ཛམ་བྷ་ལའི་དངོས་མིན་ཤུལ་བཞག་རིག་གནས་བརྒྱུད་སྦྱོང་ཁང་གིས་ཇོ་ནང་སྒྲ་དབྱངས་དང་། ཐང་གའི་སྒྱུ་རྩལ། དུས་འཁོར་བདུག་སྤོས། བོད་ཀྱི་གསོ་རིག་དང་མི་རིགས་རྒྱན་གོས་སོགས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ཞིབ་འཇུག བརྒྱུད་སྦྱོང་སོགས་ཀྱིས་སྲོག་སྙིང་བྱས་ཐོག ཉེ་བའི་ལོ་འགའི་རིང་དངོས་མིན་ཤུལ་བཞག་ཞིབ་འཇུག་དང་། རིག་གནས་བགྲོ་གླེང་། བརྒྱུད་པ་སྲུང་སྐྱོབ་སོགས་ཀྱི་ཐད་དུ་གྲུབ་འབྲས་བླ་མེད་བཞག་ཡོད། མིག་སྔར་འཛམ་ཐང་ལ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་བརྒྱུད་པའི་རྣམ་གྲངས་གཉིས་དང་། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གསུམ། རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་ཚོ་བཞི་སོགས་ཡོད་ལ། ཞིང་ཆེན་དང་ཁུལ་རིམ་པའི་རིག་གནས་ཐོན་ཁུངས་བརྒྱ་ཕྲག་ལྷག་ཡོད་པས། སྔ་གཞུག་ཏུ་ཀྲུང་གོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ས་དང་། ཀྲུང་གོ་བོད་རིགས་དམངས་ཁྲོད་རིག་གནས་སྲུང་སྐྱོབ་རྒྱུད་འཛིན་བསྟི་གནས་ཞེས་ཆེ་བསྟོད་གནང་ཡོད།

བརྒྱུད་སྦྱོང་ཁང་གིས་གནད་དོན་འགའ་ཐག་གཅོག་བྱས་པ། མང་ཚོགས་རྣམས་ལ་བརྒྱུད་སྦྱོང་ཁང་གིས་ཡོང་སྒོ་འཕར་སྣོན་བྱས་པས་ཚད་མཐོ་ཤོས་ཀྱི་ངལ་རྩོལ་པར་བསྒྱུར་བ་དང་། ཐང་ག་སོགས་བརྒྱུད་པ་ཉམས་ལ་ཉེ་བའི་མེས་རྒྱལ་གྱི་གཅེས་ནོར་དག་དར་རྒྱས་གོང་འཕེལ་བཏང་ཡོད་དོ།།
རྔ་བ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ། ཁུལ་དཔོན་དབྱང་ཁེ་ཉིང་གིས་གསར་འགོད་པར་བརྗོད་དོན། ང་ཚོས་བརྒྱུད་སྦྱོང་ཁང་ཧྲང་ཧེར་སྤོ་བ་དེ། ང་ཚོའི་བུ་ཕྲུག་ཚོ་ཕྱི་རོལ་ལ་ཐོན་པ་མཚོན་གྱི་ཡོད་ལ། ཁོ་ཚོའི་ལྟ་རྒྱ་དང་ཐོས་རྒྱ་སྔར་ལས་ཡངས་པོར་བསྐྱེད་ཡོད་པས། བརྒྱུད་སྦྱོང་གོང་དུ་སྤེལ་བར་སྔར་ལས་ལྷག་པའི་དགེ་མཚན་བསྐྲུན་ཡོད་གསུངས།
ཉིན་དེའི་ཛམ་བྷ་ལའི་ཇོ་ནང་དངོས་མིན་ཤུལ་བཞག་རིག་གནས་བགྲོ་གླེང་མཛད་སྒོ་ལ། ཆེད་མཁས་པ་དང་སྒྱུ་རྩལ་བ་དྲུག་ཅུ་ལྷག་གདན་འཛོམས་ཐོག ཛམ་ཐང་དུས་རབས་གསར་བའི་སྲོལ་རྒྱུན་རིག་གནས་གསར་འཛུགས་རང་བཞིན་གྱི་འགྱུར་འགྲོས་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལག་ལེན་ཞེས་པའི་བརྗོད་གཞིའི་སྟེང་། ཁྱབ་ཁུངས་མི་འདྲ་བ་དང་ཕྱོགས་མཚམས་སོ་སོ་ནས་ཛཾ་ཐང་གི་རྣམ་པ་ལ་རིག་ཚན་ལས་བརྒལ་བའི་རིག་གཞུང་ཞིབ་འཇུག་བྱས།
ཛམ་བྷ་ལའི་ཇོ་ནང་དངོས་མིན་ཤུལ་བཞག་རིག་གནས(ཧྲང་ཧེ)བགྲོ་གླེང་མཛད་སྒོ་འདི་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཨུ་དང་རྔ་བ་ཁུལ་མི་དམངས་སྲིད་གཞུང་། ཧྲང་ཧེ་ཅིན་ཙི་བཟོ་རྩལ་ཁང་སོགས་གྱིས་གཙོ་བསྒྲུབས་བྱས་པའོ།།