སྲོལ་རྒྱུན་ལག་ཤེས་བཟོ་ལས་ལ་བརྟེན་ནས་ཕྱུག་འགྱུར་འབབ་འཕར་ཡོང་བར་བྱེད།

ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༡༥
 

        ཉེ་བའི་ལོའི་རིང་།  གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གིས་གྲོང་ཚོ་དང་ཁེ་ལས་མཉམ་ལས་དང་མཉམ་འགུལ་བྱེད་པ་དང་།  ཁྱད་ལྡན་གསར་སྤེལ་དང་གོང་འཕེལ་གཏོང་བ།  ཕྱུག་འགྱུར་འཇོན་ཐང་མི་སྣས་སྣེ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་ནས་སྲོལ་རྒྱུན་ལག་ཤེས་བཟོ་ལས་འཕེལ་རྒྱས་བཏང་སྟེ།  ས་གནས་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་།  ཞིང་འབྲོག་མང་ཚོགས་ཚོའི་འཇོན་ནུས་གོང་མཐོར་ཕྱིན་ནས་ལོར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་8500ཡན་ཟིན་ཡོད།།