ཁྲོ་ཆུ་རྫོང་ངོ་བཀའ་སྡེ་བ་དབུལ་ཕོངས་ནས་སྒྲོལ་བར་ཇུས་གཞི་བཀོད་པ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༡༡

མང་ཚོགས་ཐམས་ཅད་ཐོན་ལས་ལ་ཞུགས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་རིམ་བཞིན་ཇེ་བཟང་དུ་གྱུར་བ་དང་། འདི་ལྟར་བྱས་ན་ད་གཟོད་དབུལ་སྒྲོལ་བསྐྱར་ཕོངས་ཀྱི་གནད་དོན་ཡོངས་སུ་གཅོད་ཐུབ། ངོ་བཀའ་སྡེ་བ་ནི་ས་གཡོན་ལོག་ཅིག་ཏུ་ཡོད་ནའང་། འདི་རུ་ཡངས་ཤིང་རྒྱ་ཆེ་བའི་ནགས་ས་ཕུན་སུམ་ཚོགས་པ་ཡོད་པས། གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏོང་བར་ཤིན་ཏུ་འཚམ་པོ་ཡོད། རིམ་པ་གོང་མའི་རོགས་སྐྱོར་ལ་བརྟེན་ཏེ་སྡེ་བ་གཞུང་གིས་ར་མ་ཉིས་བརྒྱ་ལྷག་ཉོས་པ་རེད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཚོལ་ཞིབ་དང་འཕེལ་རྒྱས་ལ་དབུ་ཁྱུད་བྲིས།
ད་ལྟའི་ངོ་བཀའ་སྡེ་བའི་བཀོད་པ་མཆོག་གྱུར་གྱི་ཁང་བརྩེགས་རེ་རེ་དང་། ཐོན་སྐྱེད་སྟབས་བདེ་ཡི་ལམ་བུ་རེ་རེ། འཛུམ་མདངས་དམུལ་དམུལ་གྱི་ངོ་གདོང་རེ་རེ་ཡིས་དབུལ་སྐྱོར་གནད་འཁེལ་གྱི་བྱ་བར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་ར་སྤྲོད་བྱས་ཡོད་ཅིང་། བདེ་སྐྱིད་ལྡན་པའི་འཚོ་བ་གསར་བ་ཞིག་བསླེབ་པའི་སྔོན་བརྡ་ཡང་གཏོང་བཞིན་འདུག།