རྔ་བ་བོད་རིགས་ཆའང་རིགས་ཀྱི་རིག་གནས་སྒྱུ་རྩལ་སྤེལ་རེས་འགོ་ཚུགས་པ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༨
        ཟླ་12ཚེས་4ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་སི་ཁྲོན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རིག་གནས་རླུང་འཕྲིན་གསར་འགྱུར་ཅུད་ཀྱིས་གཙོ་སྐྱོང་བྱས་ཤིང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རིག་གནས་ཁང་གིས་མཉམ་དུ་གཉེར་རོགས་བྱས་པའི་2017ལོའི་དཔྱིད་ཀྱི་སྦྲང་ཆར་འདུ་འགོད་དེ། རྔ་བ་བོད་རིགས་ཆའང་རིགས་ཀྱི་རིག་གནས་སྒྱུ་རྩལ་སྤེལ་རེས་འགྲེམས་སྟོན་བོད་རང་སྐྱོང་ལྗོངས་ཀྱི་མང་ཚོགས་སྒྱུ་རྩལ་ཁང་དུ་འགོ་ཚུགས་པ་རེད། ཐེངས་འདིའི་སྒྱུ་རྩལ་སྤེལ་རེས་འགྲེམས་སྟོན་དུ། ཁྱོན་བསྡོམས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རིག་གནས་ཁང་གིས་བོད་ཀྱི་བཀྲ་ཤིས་པའི་བརྩམས་ཆོས་རི་མོ་20དང་། སྲོལ་རྒྱུན་གྱི་བོད་རིགས་ཆའང་རིགས་ཀྱི་འཚེམ་དྲུབ་མ་10ཙམ། རྔ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གོམས་སྲོལ་མངོན་པའི་པར་རིས་བརྩམས་ཆོས་31བཅས་འགྲེམས་སྟོན་བྱས་ཡོད་པ་རེད།།