གཞན་ཡུལ་དུ་གནས་སྤོས་ཏེ་མང་ཚོགས་ཀྱི་དཀའ་ཁག་སེལ་བ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༥

ཁྱིམ་ཚང་དབུལ་བོ་རྣམས་རི་མགོ་ནས་གནས་སྤོས་པ་དང་། དེ་ནི་ཕྱུག་འགྱུར་གྱི་ལམ་དུ་སྟ་གོན་བྱས་པའང་རེད། ཡུལ་ཚོ་སྲིད་གཞུང་གིས་མང་ཚོགས་ལ་ཁང་བ་གསར་འཛུགས་ལ་ཧུར་ཐག་གིས་རོགས་སྐྱོར་བྱས་པ་མ་ཟད། ད་དུང་ཐབས་བརྒྱ་ཇུས་སྟོང་སྒོས་ཡུལ་གཞན་དུ་གནས་སྤོས་པའི་མང་ཚོགས་ལ་ལས་ཞུགས་ཀྱི་གནད་དོན་ཐག་བཅད་པ་རེད།
གཞན་ཡུལ་དུ་གནས་སྤོས་པའི་ཧུ་མིན་ཆིན་དང་དབྱང་ཝུན་ཡོན་གཉིས་ནི་དབང་ཞི་གྲོང་རྡལ་གྱི་དབུལ་སྐྱོར་གནད་འཁེལ་གྱི་ལས་གཞིའི་ཁྲོད་ཀྱི་མཚོན་བྱེད་དུ་གྱུར་བ་དང་། ཁོ་ཚོ་གཞིས་ཁྱིམ་གསར་བའི་ནང་དུ་བསྡད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། །