ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༢ ཚེས་ ༤
གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས30ཉིན་ལ། སྡེ་དགེ་རྫོང་དུ་སྐབས་དང་པོའི་གནས་མཆོག་མཛངས་མིའི་གཟེངས་བསྟོད་ཚོགས་འདུ་གཟབ་རྒྱས་ངང་འཚོགས་ཤིང་། རིག་གནས་རྒྱུད་འཛིན་ལ་བྱས་རྗེས་བླ་ལྷག་འཇོག་བཞིན་པའི་མི་སྣ་89ལ་གནས་མཆོག་མཛངས་མིའི་གཟེངས་བསྟོད་ཕུལ་བ་དང་། ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས་སུ་གྲགས་པའི་སྡེ་དགེའི་རིག་གནས་སྔར་ལས་ལྷག་པར་དར་སྤེལ་དང་རྒྱུད་འཛིན་གནང་བར་སྐུལ་མ་བཏང་བ་རེད།
གནས་མཆོག་མཛངས་མིའི་མིང་ཐོ་གཤམ་གསལ་ལྟར།