ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༧ ཚེས་ ༢༤
ཨོ་སི་ཐྲ་ལི་ཡའི་གྲོང་ཁྱེར་མོ་འེར་པིན་ནས་འཚོགས་པའི་འཛམ་གླིང་ཨེ་ཙིའི་ནད་ཀྱི་ཚོགས་ཆེན་སྟེང་།སྤྱི་གཉེར་ཁང་ཞིག་གིས་འཛམ་གླིང་སྟེང་གི་ཆེས་ཐོག་མའི་ཨེ་ཙིའི་ནད་དུག་གསོད་ཐུབ་པའི་སྲུང་ཤུབས་བཟོས་པ་ཁྱབ་བསྒྲགས་བྱས།སྲུང་ཤུབས་གསར་པ་འདིས་སྲུང་ཤུབས་ཀྱི་འཇམ་འདྲེད་བྱེད་རྫས་ཁྲོད་ཀྱི་ནུས་ལྡན་གྲུབ་ཆ་སྤྱད་དེ་ཨེ་ཙེའི་ནད་དུག་99%གསོད་ཐུབ།ཐོན་རྫས་འདི་ནི་གླིང་ཆེན་ཡོ་རོབ་སྐྱེ་དངོས་ལག་རྩལ་སྤྱི་གཉེར་ཁང་Starpharmaདང་Ansellགཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་འཇུག་གསར་གཏོད་བྱས་པ་ཞིག་ཡིན་ལ་ཟླ་འགའི་རྗེས་སུ་ཚོང་རར་འགྲེམ་སྤེལ་བྱ་རྒྱུ་རེད།