ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༢༧
ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་སྐལ་བཟང་དབྱངས་སྐྱིད་ཀྱིས། སྤྱི་ལོ་2015 ལོར་གྲོང་ཚོའི་བུད་མེད་ 7སྒྲིག་འཛུགས་བྱས་ཏེ་བཀྲ་ཤིས་སྒང་གྲོང་ཚོའི་བུད་མེད་བསླས་འཐག་མཉམ་ལས་ཁང་བཙུགས་ཡོད་པ་དང་། གྲོང་ཁྱེར་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དངུལ་བུན་སྒོར་ཁྲི་2གཡར་ནས་མཉམ་ལས་ཁང་གི་འཁོར་ཁང་འཛུགས་སྐྲུན་བྱས་ཡོད། ཁོང་ཚོས་བཏགས་པའི་ཀམ་པ་ལི་དང་། ལྟོ་ཕད། ཁ་གདན། སྐེད་རགས་སོགས་ལྷ་ས་གྲོང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་ཞིང་འབྲོག་ཁུལ་དུ་བྲིན་ཚོང་བྱས་ཤིང་དུད་ཚང་དབུལ་པོ་གསུམ་སྣེ་ཁྲིད་བྱས་ཡོད། ད་ཆ་མཉམ་ལས་ཁང་དུ་ལས་མི་11ཡོད་པ་དང་མི་རེར་ཟླ་རེར་གླ་ཆ་སྒོར་1500 ཟིན་གྱི་ཡོད།།