རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དམངས་འཚོར་ཕན་པ་བསྐྲུན།
ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༢༣

ཐང་ག་འབྲི་བཞེངས་ལག་རྩལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་བོད་ཀྱི་རིག་གནས་ཁྲོད་གནས་བབ་གལ་ཆེན་ཞིག་བཟུང་ཡོད། ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་ཐང་ག་འབྲི་བཞེངས་ལག་རྩལ་དར་སྤེལ་ཤུགས་ཆེ་འགྲོ་བ་དང་བསྟུན་ཏེ། ཐང་ག་མང་པོ་ཞིག་ལ་ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་ཐོབ་ནས་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་བུར་ཁ་ཕྱོགས་ཐུབ་པ་མ་ཟད་དཔལ་འབྱོར་གྱི་ཡོང་སྒོ་ཡང་ཆེ་རུ་ཕྱིན་ཡོད།
