ཛམ་ཐང་རྫོང་གིས་ཐུམ་འབུའི་ནད་ལ་བརྟག་དཔྱད་བྱེད་པའི་བྱ་འགུལ་སྤེལ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༡༧

བྱ་འགུལ་ཁྲོད་དུ། སྨན་བཅོས་བྱེད་མཁན་གྱིས་འབྲོག་པ་མང་ཚོགས་དང་སློབ་མ་རྣམས་ཀྱི་མཆིན་པ་ལ་བརྟག་དཔྱད་བྱས་པ་དང་། བརྟག་དཔྱད་བྱེད་པའི་དུས་མཚུངས་སུ། ཁོ་ཚོ་ལ་ཐུམ་འབུའི་ནད་ཀྱི་འབྲེལ་ཡོད་སྔོན་འགོག་ཤེས་བྱ་གསལ་འགྲེལ་བྱས།ཐུམ་འབུའི་ནད་ནི་མི་ཕྱུགས་གཉིས་ཀར་འབྱུང་བཞིན་པའི་འགོས་ནད་རིགས་ཤིག་ཡིན་ལ། ནད་འདིའི་བག་ལ་ཉལ་བའི་ཡུན་རིང་བ་དང་། གནོད་ཐེབས་ཚབས་ཆེ་བ་ཞིག་ཡིན་པས།མང་ཚོགས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་རྒོལ་བའི་རྒྱུན་མཐོང་ནད་རིགས་ཤིག་ཡིན་པར་མ་ཟད། མང་ཚོགས་དབུལ་ཕོངས་སུ་བསྒྱུར་བའི་རྒྱུ་རྐྱེན་ཞིག་ཀྱང་ཡིན། སྨན་བཅོས་བྱེད་མཁན་རྣམས་ཀྱིས་ཐུམ་འབུའི་ནད་ལ་སྔོན་འགོག་བྱེད་པར། དུས་རྒྱུན་གྱི་འཚོ་བའི་ཁྲོད་དང་སློབ་སྦྱོང་གི་ཁྲོད་དུ་མི་སྒེར་གྱི་གཙང་སྦྲ་ལ་ཉམས་འཇོག་བྱས་ཏེ། འཕྲོད་བསྟེན་གོམས་གཤིས་ལེགས་པོ་ཞིག་ཆགས་དགོས་ཞེས་གསལ་འདེབས་བྱས།
ཛམ་ཐང་རྫོང་རྐ་མདའ་ཡུལ་ཚོ་ལྡ་རི་སྡེ་བའི་བྱིས་གཉོར་གླིང་གི་དགེ་རྒན་ཁང་ལེ་ཡིས་བཤད་རྒྱུར། རྫོང་རིམས་འགོག་ལྟེ་གནས་ང་ཚོ་སློབ་གྲྭའི་ནང་དུ་འོང་ནས་སློབ་མ་ཆུང་ཆུང་འདི་ཚོ་ལ་ཐུམ་འབུའི་ནད་ཡོད་མེད་ཀྱི་བརྟག་དཔྱད་གནང་བར་བཀའ་དྲིན་ཆེ་ཞུས་པ་ཡིན། སློབ་གྲྭའི་ནང་དུ་དུས་རྒྱུན་དུ་ཁོ་ཚོ་ལ་ལག་པ་དང་གདོང་བཀྲུ་རུ་བཅུག་པས། ཁོ་ཚོ་ཚང་མ་དགའ་དགའ་སྐྱིད་སྐྱིད་དང་བདེ་ཐང་གི་ངང་ནས་འཚར་ལོངས་འབྱུང་བའི་རེ་བ་ཡོད་ཟེར།།