ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༡ ཚེས་ ༣
ལོ་རྒྱུས་ཀྱི་ཟློས་གར་ཆེན་མོ་《འུན་ཤིང་ཀོང་ཇོ་》འཁྲབ་སྟོན་བྱེད་རིམ་དུས་ཚིགས་ལྔ་པ་ཉེ་ཆར་མཇུག་བསྒྲིལ་བ་རེད། དུས་ཚིགས་འདིར་འཁྲབ་ཐེངས་186བྱས་པ་དང་། རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་ཁྱོན་བསྡོམས་ཐེངས་གྲངས་ཁྲི་45ཟིན་ཡོད་པས། དེ་ནི་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་གྱི་མཛེས་སྡུག་ལྡན་པའི་མིང་བྱང་ལྟ་བུར་གྱུར་ཡོད་པ་རེད།།