མའོ་རྫོང་ཕན་ཁྲོན་གྱི་ཞིང་བ་རྣམས་ལ་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོབ་པ།
ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༣༠

ཕན་ཁྲོན་སྡེ་བ་ནི་རྒྱལ་ལམ་གཉིས་གཅིག་གསུམ་གྱི་ལམ་རྒྱུད་དུ་གནས་ཤིང་།གཞན་ཡུལ་ནས་གནས་སྤོས་བྱས་ནས་ཡོང་བའི་སྡེ་བ་ཞིག་ཡིན།སྔོན་ཆད་སྡེ་དམངས་ཀྱི་ཡོང་སྒོ་ནི་ཞིང་ལས་ཁོ་ན་ལ་བརྟེན་ནས་ཡོད་པས།ཡོང་སྒོ་ཧ་ཅང་དམའ་མོ་ཡིན་པ་རེད།ད་ལྟ་བདེ་སྡོད་ས་ཁུལ་དུ་གནས་སྤོ་བྱས་པ་པ་དང་།གོང་འཕེལ་གྱི་བགྲོད་ལམ་གསར་བ་མུ་མཐུད་དུ་འཚོལ་ཞིབ་བྱས་ཏེ་མཉམ་ལས་ཁང་བཙུགས།དེ་ནས་གཙང་སྒྲུབ་ཚོང་བའི་མཉམ་ལས་ཀྱི་རྣམ་པ་བཀོད་དེ།ཚང་མ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་འགོ་བརྩམས།
དེ་ནས་བྱ་གསོ་ར་བ་བཙུགས་ཏེ་བྱ་སྒོང་ཐོན་སྐྱེད་ཀྱི་ལས་ལ་ཀུན་གྱིས་འབད་པ་གནང་མཐར།སྔར་དང་མ་འདྲ་བའི་ཡོང་སྒོ་ལེགས་པོ་ཐོན་ཡོད་པ་རེད།།