བཀྲ་སྨན་གྱིས་བདེ་སྐྱིད་ཀྱི་འཚོ་བར་རོལ་བ།
ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༢༥

བོད་ཁུལ་དུ་སྡོད་ཁང་གསར་བ་འཛུགས་སྐྲུན་གྱི་དབུལ་སྐྱོར་གནད་འཁེལ་ལག་ལེན་བྱས་པ་ནས་བཟུང་། མུ་སུ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་ས་སྟོད་སྡེ་བའི་ཨུ་ཡོན་གཉིས་ཀྱིས་བཀྲ་སྨན་ཚང་དེ་མ་ཐག་ཏུ་སྡོད་ཁང་བསྐྱར་བསྐྲུན་གྱི་འཆར་འགོད་ནང་དུ་བཞག རྒྱལ་ཁབ་ཀསྱི་མི་རེར་གསབ་དངུལ་སྒོར་ཁྲི་གཉིས་སྟོང་གསུམ་སུམ་བརྒྱ་སྦྱིན་པའི་རྨང་གཞིའི་སྟེང་དུ། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། སྡེ་བའི་རྩིས་པ། ཚོ་ཆུང་གི་འགོ་བ་སོགས་ཀྱིས་ནུས་ཤུགས་ཡོད་དགུ་བཏོན་ཏེ། སྡེ་བ་ཡོངས་ཀྱི་གཉེན་ཉེ་གྲོགས་པོའི་རོགས་སྐྱོར་འོག་ཏུ་བཀྲ་སྨན་ཚང་ལ་གཞན་ཡུལ་ནས་སྡོད་ཁང་གསར་བ་བསྐྱར་བསྐྲུན་བྱས་པ་རེད།
སྡོད་ཁང་གསར་བ་དེ་སྡོད་ཁང་རྙིང་བ་དང་བར་ཐག་རིང་རྒྱུ་མེད། ཡིན་ནའང་ཆ་རྐྱེན་ལ་སྔོན་དང་བསྡུར་ཐབས་མེད་པ་ཞིག་རེད། འགྲུལ་ཁང་དུ་བརྙན་འཕྲིན་ཡོད་པ་དང་། ཇ་ཁང་དུ་ཐབ་ཀ་ཡོད་ལ། ཉལ་ཁང་དུ་ཉལ་ཁྲི་ཞིག་ཀྱང་བཞག་ཡོད་པ་རེད།ད་དུང་སྡོད་ཁང་གསར་བའི་ནང་དུ་ཆུ་གློག་ཀུན་འཛོམས་པ་དང་། ཨར་འདམ་གཞུང་ལམ་སྒོ་ཁར་བསྐྲུན་འདུག སྡོད་ཁང་གསར་བའི་ནང་དུ་གནས་སྤོ་བྱས་པའི་བཀྲ་སྨན་གྱི་གདོང་ལ་བཅོས་མིན་གྱི་བདེ་སྐྱིད་ཀྱི་མཛུམ་མདངས་ཤིག་ཤར་ནས་འདུག