ཝུན་ཁྲོན་གྱིས་མང་ཚོགས་ལ་སྒོ་ཁ་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ལོངས་སུ་སྤྱོད་དུ་བཅུག
ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༢༤

ཝུན་ཁྲོན་རྫོང་དུ་ས་འགུལ་ཆེན་མོ་བྱུང་རྗེས། རྫོང་ཡོངས་དུ་ནད་པ་དང་རྨས་མ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་སུམ་བཅུ་ལྷག་དུ་སླེབས་འདུག 2011ལོར། ཝུན་ཁྲོན་རྫོང་གིས་རྒྱལ་ཡོངས་ཀྱི་སྔོན་དུ་དམངས་ཡོངས་ཀྱི་སྐྱོན་བྲལ་དཔེ་སྟོན་རྫོང་བསྐྲུན་ཏེ། དམངས་ཡོངས་སུ་རིན་མི་དགོས་པའི་ངང་ནས་ལུས་པོར་བརྟག་དཔྱད་བྱ་རྒྱུ་ལག་ལེན་བྱས།
བྱེད་སྒོ་སྤེལ་སྐབས་དཀའ་ཁག་ཆེ་བའི་དམིགས་བསལ་གྱི་མང་ཚོགས་ལ་དམིགས་ནས། སྨན་ཁང་གིས་སྨན་བཅོས་རུ་ཁག་རྩ་འཛུགས་བྱས་ནས་ཕལ་ཆེར་སྤྱི་ལེ་ཁྲི་གཅིག་སྟོང་བརྒྱད་ལྷག་གི་ལུང་བ་ཀྱག་ཀྱོག་གི་སྡེ་བ་དང་ས་ཐག་རིང་བའི་འབྲོག་ཁུལ་དུ་སོང་སོང་ནས་རིན་མི་དགོས་པའི་སྒོ་ནས་ལུས་པོར་བརྟན་དཔྱད་བྱས། མིག་སྔའི་བར་དུ། ཡུལ་དེའི་མང་ཚོགས་ལ་སྡོམ་པའི་མི་ཐེངས་འབུམ་གཅིག་ཁྲི་བདུན་སྟོང་དགུ་ལ་རིན་མི་དགོས་པའི་ངང་ནས་བརྟག་དཔྱད་བྱས་ཏེ། སྤྱི་ཕན་སྨན་བཅོས་ཀྱི་ཞབས་འདེགས་ཐེངས་གོ་དགུ་སྤེལ། སྐྱོན་བྲལ་གྱི་ཡིག་ཚགས་ཁྲི་དགུ་སྟོང་བཞི་བསྐྲུན་ཏེ། མང་ཚོགས་ཀྱི་དུས་གཏན་ངང་ལུས་པོར་བརྟག་དཔྱད་བྱེད་རྒྱུར་བརྒྱ་ཆ་ཉི་ཤུ་ནས་བརྒྱ་ཆ་བརྒྱ་ཅུའི་ཡན་དུ་མཐོར་འདེགས་སུ་བཏང་ཡོད།།