ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༡༠
ཞིང་ཆེན་དང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་སྐོར་གྱི་བྱ་འགུལ་སྤེལ་བའི་བརྡ་ཐོའི་སྙིང་དོན་དེ་དོན་འཁྱོལ་མཐར་ཕྱིན་བྱ་ཆེད། ཉེ་སྔོན། མོའོ་རྫོང་གིས་ཏང་གི་སྐབས་ཚོགས་ཆེན་བཅུ་དགུ་བ་བསུ་བ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར། བློ་གཅིག་སེམས་གཅིག་སྒོས་ཀྲུང་གོའི་ཕུགས་འདུན་སྐྲུན་པ། སི་ཁྲོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་གྱི་ཡར་རྒྱས་ཕྱིན་པའི་དཔེ་སྟོན་རྫོང་ཞེས་པའི་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་བྱ་འགུལ་སྤེལ། ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་ནི་རིག་རྩལ་འཁྲབ་སྟོན་དང་ཤེས་བྱ་འགྲན་སྡུར་གཉིས་མཉམ་དུ་སྦྲེལ་བའི་དྲིལ་སྒྲོག་བྱ་འགུལ་གྱི་བརྗོད་བྱ་གསལ་ཞིང་། ནང་དོན་མང་བ། རྣམ་པ་སྣ་ཚོགས་སྒོས་བྱ་འགུལ་གྱི་ཡུལ་དངོས་སུ་དགའ་སྤྲོ་ཁོལ་བའི་རྣམ་པ་མངོན་འདུག