སྡེ་དགེ་ཁྲོ་ལའི་ཕུག་ལམ་ལེགས་པར་གྲུབ་ནས་རླངས་འཁོར་ཤར་གཏོང་བྱེད་ཐུབ་པ་བྱུང་།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༢༦

ཁྲོ་ལའི་ཕུག་ལམ་གྱི་ལས་གྲྭ་དེ་རྒྱལ་ལམ་317གྱི་ཁྲོན་བོད་བྱང་རྒྱུད་ཀྱི་དཀར་མཛེས་ནས་སྡེ་དགེ་སྐམ་ཐོག་བར་གྱི་ས་མཚམས་སུ་ཡོད་ཅིང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་12ཡོད་ཅིང་། ཕུག་ལམ་ཁོ་ནའི་རིང་ཚད་ལ་སྨི་7079ཡོད་ལ། ཕུག་ལམ་གཡས་གཡོན་གཉིས་སུ་ལམ་ཐིག་སྤྱི་ལེ་ལྔ་ཡོད་ལ། ལས་གཞི་འདིར་མ་དངུལ་སྡོམ་འབོར་སྒོར་དུང་ཕྱུར་11.2བཏང་ཡོད་པ་རེད།

དེ་རིང་སྔ་དྲོའི་ཆུ་ཚོད་བཅུ་གཅིག་གི་སྟེང་དུ་ཁྲོ་ལའི་ཕུག་ལམ་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱུང་བར་རྟེན་འབྲེལ་ཞུ་བའི་ཡུལ་དངོས་སུ་བཟོ་བསྐྲུན་ལས་ཞུགས་པ་དང་ཇུས་འགོད་པ། སྡེ་དགེའི་རྫོང་ཉེ་འགྲམ་གྱི་མང་ཚོགས་སོགས་མི་སྣ་སྟོང་ལྷག་གི་དགའ་སྤྲོ་དང་རྟེན་འབྲེལ་ཁྲོད་ལོ་ངོ་བརྒྱད་ལ་འཛུགས་སྐྲུན་བྱས་པའི་ཁྲོ་ལའི་ཕུག་ལམ་ལེགས་པར་གྲུབ་ནས་རླངས་འཁོར་ཤར་གཏོང་བྱས། ཁྲོ་ལའི་ཕུག་ལམ་འཛུགས་སྐྲན་གྱི་གོ་རིམ་ཁྲོད་གྲང་ངར་ཆེ་བའི་མཐོ་སྒང་དུ་ཕུག་ལམ་བསྐྲུན་པའི་དཀའ་གནད་མང་པོ་ཁྱད་དུ་བསད་ནས་ཁྲོན་བོད་བྱང་རྒྱུད་ཀྱི་འགག་སྒོ་ཡོངས་སུ་གཏོར་བ་རེད། འདིས་བོད་ཁུལ་གྱི་དཔལ་འབྱོར་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་པར་ཕན་ནུས་ཆེན་པོ་འདོན་ངེས།།