ལིས་རྫོང་ཅ་ཧྲན་སྡེ་བའི་མི་སེར་གྱི་འཚོ་བར་འགྱུར་ལྡོག་བྱུང་།
ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༢༠

ཅཱ་ཧྲན་སྡེ་བ་ནི་དཔེ་མཚོན་ཅན་གྱི་མཐོ་ཕྱེད་རི་མའི་སྡེ་བ་ཞིག་དང་། ལིས་རྫོང་གི་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་ལ་སྐུལ་འདེད་བྱས་པ་ཅུང་སྔ་བའི་སྡེ་བ་ཞིག་ཀྱང་ཡིན།སྔོན་ཆད་སྡེ་བ་འདིས་གཙོ་བོར་སུར་པན་དང་། ཞོག་ཁོག མ་རྨོས་ལོ་ཏོག་སོགས་ཁེ་འབབ་དམའ་བའི་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་བྱེད་བཞིན་ཡོད་པས། མི་སེར་གྱི་ཆ་སྙོམས་ཡོང་འབབ་དམའ་མོ་ཡིན། ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་བྱས་པའི་རྗེས་སུ།ཅྰ་ཧྲན་སྡེ་བའི་ས་བབས་ཀྱི་དགེ་མཚན་དང་རང་སྟེང་གི་ཐོན་ཁུངས་ལེགས་ཆ། དེ་མིན་མི་སེར་གྱི་འདོད་བློ་དག་ཟུང་དུ་སྦྲེལ་ནས། སྡེ་མི་དག་གིས་ཁེ་འབབ་བཟང་བའི་དཔལ་འབྱོར་ལོ་ཏོག་སྣ་ཚོགས་འདེབས་འཛུགས་བྱས།
མིག་སྔར། སྡེ་བ་ཡོངས་ཀྱིས་ཐོན་སྐྱེད་གཙོ་བོ་ཡིན་པའི་སིལ་ཏོག་འདེབས་འཛུགས་ཀྱི་ས་ཁྱོན་མོའུ་2000ལ་བསླེབས་ཡོད་པ་དང། ལོ་གཅིག་ལ་སིལ་ཏོག་ཏུན་500ལ་ཉེ་བ་ཐོན་སྐྱེད་བྱེད་བཞིན་འདུག སྡེ་བའི་ནང་གི་ཞིང་ས་ཁྲོད་དུ་ཁྱད་པར་བའི་གཞི་རྒྱུ་འདུས་ཡོད་པ་དང། ཉིན་སྲིབ་ཕྱེད་མའི་རྒྱུན་གཏན་གནམ་གཤིས་བཅས་ཀྱི་རྐྱེན་གྱིས་ཐོན་སྐྱེད་བྱས་པའི་སིལ་ཏོག་ཞིམ་མངར་ལྡན་ཞིང་། ཁུ་བ་མང་། ཐོན་སྐྱེད་བྱས་པའི་སིལ་ཏོག་ལ་ཁྱད་ལྡན་པས། ད་ལྟ་ཅཱ་ཧྲན་སྡེ་བ་ལ་བྲོ་ལྡན་ཀུ་ཤུའི་སྡེ་བ་དང་། སིལ་ཏོག་གི་སྐྱེད་ཚལ་སོགས་ཀྱི་མཚན་སྙན་སྩོལ་བཞིན་མཆིས།
ལོ་ལིའི་ནང་དུ་ང་ཚོའི་ཕྲུམ་ལི་དང་ཧྥུ་ཧྲི་དམར་པོའི་ཐོན་འབབ་དང་རིན་གོང་ཚང་མ་རིམ་བཞིན་ཇེ་མཐོར་འགྲོ་བཞིན་འདུག སྒོས་སུ་ཉེ་བའི་ལོ་གཉིས་ཀྱི་རིང་ལ། ཁྱིམ་ཚང་ཕལ་ཆེར་བས་སྒེར་འཁོར་ཉོས་ཟིན་པ་དང་། དུས་མཚུངས་སུ་རྐང་གསུམ་འཁོར་ལོ་དང་ཞིང་སྤྱོད་རླངས་འཁོར་སོགས་སྤྱད་དེ་ཞིང་ལས་བྱེད་ཀྱིན་ཡོད། དེ་བས། ལོ་ལྔའི་རིང་ལ་ང་ཚོ་ཅྰ་ཧྲན་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་བྱུང་ཡོད་དེ། སྡེ་མི་དག་གི་འཚོ་བའི་ཁོར་ཡུག་དང་། གཞིས་སྡོད་ཁོར་ཡུག་དང་བཅས་བསམ་པའི་འཚོ་བ་སོགས་མཐོར་འདེགས་ཆེན་པོ་བྱས་ཡོད། མ་འོངས་པའི་ལོ་ལྔའི་ནང་དུ་ང་ཚོ་ཅཱ་ཧྲན་སྡེ་བ་སྲིད་གཞུང་གི་སྣེ་ཁྲིད་དང་སྡེ་བའི་ཨུ་ཡོན་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག སྡེ་མི་ཡོངས་རྫོགས་སྐས་རིམ་གསར་བ་ཞིག་ཏུ་འཕེལ་ཐུབ་པའི་ཡིད་ཆེས་ཡོད་ཟེར།།