ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༩
ཉེ་བའི་ལོ་འགའི་ཚུན་དུ་ལྷ་ས་གྲོང་ཁྱེར་རྫོང(ཆུས)ཁག་གིས་རང་རྐྱ་འཕེར་བོའི་ཐོག་ནས། ས་གཙང་འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་གཏང་རྒྱུར་མཐོང་ཆེན་བྱས་ཏེ། མ་འཇོག་བྱ་ཤུགས་མཐོ་རུ་གཏོང་བ་དང་ཁོར་ཡུག་ལེགས་བཅོས་སོགས་བྱེད་པས་གྲུབ་འབྲས་བཟང་པོ་ཐོབ་ཡོད། སྤྱི་ལོ་2016 ལོར་བསྐྲུན་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མལ་གྲོ་གུང་དཀར་གྲོང་རྡལ་སྡོང་ཕྲུག་དང་མེ་ཏོག་རྟེན་གཞིའི་རྒྱ་ཁྱོན་མུའུ་22 ཟིན་པ་དང་རྣམ་གྲངས་དེར་མ་འཇོག་སྒོར་དུང་ཕྱུར་410 བྱས་ཡོད། ད་ཆ་རྟེན་གཞི་དེར་སྟར་སྡོང་དང་རྒྱ་ལྕང་། ལོ་མ་དམར་པོའི་ཁམ་སྡོང་། སེ་འབྲུ། ཐང་ཤིང་སོགས་རིགས་མི་འདྲ་བ་40 ཙམ་འདེབས་འཛུགས་བྱས་ཡོད་པ་རེད།།