བཙན་ལྷ་རྫོང་གི་རྒུན་ཆང་གིས་མང་ཚོགས་ལ་ཡོང་སྒོ་འཕར་དུ་བཅུག

ཡོང་ཁུངས། རྔ་བ་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༥
        ལོ་རེ་རེའི་ཟླ་དགུ་བ་ནི་བཙན་ལྷ་རྫོང་གིས་བསྙལ་བའི་རྒུན་ཆང་སྨིན་པའི་དུས་ཚིགས་སུ་འཁེལ་ཡོད་པ་དང་། བཙན་ལྷ་རྫོང་ཡེའུ་ཁྱིམ་གླིང་རྒུན་འབྲུམ་འདེབས་གསོ་ལྟེ་གནས་ཀྱི་རྒུན་འབྲུམ་སྨུག་སྐྱ་དང་། སྔོ་ནག དམར་པོ་སོགས་སྨིན་འདུག་ལ། ད་ལོར་རྒུན་ཆང་བསྙལ་བར་ལྷད་མ་འདྲེས་པའི་རྒྱུ་ཆ་ཞིག་གྲ་སྒྲིག་བྱས་འདུག 
        བཙན་ལྷ་རྫོང་གི་ས་གནས་མང་ཚོགས་ཀྱིས་ཀྱང་རྒུན་འབྲུམ་འདེབས་ཤེས་ལ། གནས་དེའི་རྒུན་ཆང་ཀུང་ཟིས་གོང་རན་ཞིང་སྨིན་ཟིན་པའི་རྒུན་འབྲུམ་ཉོས་པ་དང་། བྱེད་ཐབས་འདི་དག་ལ་བརྟེན་ནས་བཙན་ལྷའི་མང་ཚོགས་ཀྱིས་ཕྱུག་འགྱུར་གྱི་བགྲོད་ལམ་གསར་བ་རྙེད་ཡོད་པ་རེད།