བཞོན་མ་གསོ་ཚགས་བྱས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པ།
ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༥

ལྷུན་གྲུབ་རྫོང་བྱང་ཁ་ཤང་ལན་པོ་གྲོང་ཚོའི་བཞོན་མ་གསོ་ཚགས་ར་བ།
ཉེ་བའི་ལོའི་ནང་། ལྷ་ས་གྲོང་ཁྱེར་གྱིས་བཞོན་མ་གསོ་ཚགས་བྱེད་མཁན་ཚོའི་སྒྲིག་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། ཞིང་འབྲོག་པས་འོ་མ་ཕྱིར་འཚོང་ཁག་པ་དང་སྤུས་དག་གི་རིགས་རྒྱུད་ནང་འདྲེན་ཁག་པ། དེ་བཞིན་བ་ཕྱུགས་གསོ་ཚགས་ཀྱི་ཉེན་ཁ་ཆེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། བཞོན་མ་གསོ་ཚགས་མཐུན་ཚོགས་བཙུགས་ཏེ་ཞིང་འབྲོག་མང་ཚོགས་ཁྲོམ་རར་ཁ་ཕྱོགས་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།།