འབའ་ཐང་རྫོང་གིས་གྲོང་སྡེ་ལ་ཕྱིན་པའི་འགྲུལ་སྐྱེལ་རླངས་འཁོར་འཕེལ་རྒྱས་བཏང་ནས་མི་སེར་ལ་སྟབས་བདེ་བཟོས།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༤

ཁོའི་འགྲམ་དུ་ཡོད་པའི་རྒན་པོ་ཡེ་ཤེས་ཆོས་འཕེལ་གྱིས་འཛུམ་དམུལ་དམུལ་ངང་ནས་ང་རང་ད་ལོར་ལོ་ན་74ཡིན། སྔོན་མ་ང་ཚོ་གྲོང་སྡེ་ནས་རྫོང་གི་གྲོང་ཁུལ་དུ་རྐང་ཐང་འགྲོ་ན་སྐར་མ་40ཙམ་འགོར་བ་དང་གླ་གཏོང་རླངས་འཁོར་ལ་བསྡད་ན་སྒོར་15སྤྲད་དགོས་པ་རེད། ད་ལྟར་ང་ཚོ་གྲོང་སྡེའི་ནང་འགྲུལ་སྐྱེལ་རླངས་འཁོར་ཡོད་རྗེས་སྒོར་2སྤྲད་ནས་རྫོང་གི་གྲོང་ཁུལ་དུ་སླེབས་ཐུབ་པ་རེད།ང་ཚོ་ལོ་ན་རྒན་པ་རྣམས་ཀྱིས་སྒོར་15སྤྲད་ནས་རྒན་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་བྱང་བུ་ཉོས་རྗེས་སྒོར་གཅིག་ཀྱང་སྤྲོད་དགོས་ལེ་མ་རེད་ཅེས་བཤད།
ཤེས་རྟོགས་བྱུང་བ་གཞིགས་ན། རྫོང་དེའི་འགྲིམ་འགྲུལ་འཛུགས་སྐྲུན་ནི་རྫོང་འཛུགས་སྐྲུན་འཆར་འགོད་ཀྱི་ནང་དུ་བཀོད་ནས་དབུལ་སྐྱོར་གནད་སྨིན་དང་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཡོང་བ་སོགས་ཀྱི་ལས་ཀ་དང་མཉམ་དུ་བཀོད་སྒྲིག་བྱས་ནས་2016ལོར་ཁྲོན་བོད་གསར་པའི་སྐྱེལ་འདྲེན་ལས་རིགས་སྤྱི་གཉེར་ཁང་དང་འགྲུལ་སྐྱེལ་རླངས་འཁོར་སྐོར་གྱི་གན་རྒྱ་བཞག་ནས་བཟུང་། རྫོང་དེའི་འགྲུལ་སྐྱེལ་རླངས་འཁོར་6དེ་ལམ་བརྒྱུད་3དུ་ཁག་བགོས་ནས་གྲོང་རྡལ་དང་ཤང་5ཡི་གྲོང་པ་39དང་མི་དམངས་ཁྲི་2ལྷག་ལ་འགྲིམ་འགྲུལ་སྟབས་མི་བདེ་བའི་གནད་དོན་ཐག་གཅོད་བྱས་པ་དང་། རླངས་འཁོར་འབབ་ཚུགས་48བསྐྲུན་ཞིང་། ཁྱོན་སྡོམས་སྤྱི་ལེ་26.5ཡོད། དེ་མ་ཟད་ལོ་ན་60ལོན་པའི་མི་རྒན་དང་། སློབ་མ། དབང་པོ་སྐྱོན་ཅན་དང་དམག་མི་སོགས་ལ་སྒོར་15སྤྲད་ནས་སྤྱི་སྤྱོད་རླངས་འཁོར་གྱི་བྱང་བུ་ཉོས་རྗེས་རླངས་འཁོར་ལ་བསྡད་ན་རིན་པ་མི་དགོས་པ་རེད། ད་ལོ་ཡང་མ་དངུལ་སྒོར་དུང་ཕྱུར་2.6བཏང་ནས་ལོ་འཇུག་ཏུ་གྲོང་གསེབ་ཏུ་བགྲོད་པའི་གཞུང་ལམ་90ལྷག་ཙམ་བསྐྲུན་ཚར་དགོས་པ་རེད། ད་དུང་མུ་མཐུད་ནས་མཚོ་ཕུ་ལུང་པ་དང་སོ་བ་ལུང་གཉིས་ཀྱི་འགྲུལ་སྐྱེལ་རླངས་འཁོར་ས་ཚུགས་གཉིས་འཛུགས་བསྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།།