ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༡༣
བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་སད་སྒོ་རྭ་གྲོང་ཚོས་2012ལོ་ནས་བཟུང་བྱ་གསོ་ར་བ་དང་ལུག་གསོ་ཚགས་ར་བ་གཉེར་བ་དང་ཤིང་འབྲས་འདེབས་འཛུགས་དང་སྔོ་ཚལ་དྲོད་ཁང་ཆེ་མོ་བརྒྱབ་པས། ལོ་བཅུ་ཕྲག་ཁ་ཤས་ནང་འབྲུ་རིགས་ཀྱིས་ཤིང་ཏོག་དང་སྔོ་ཚལ་བརྗེ་དགོས་འཁེལ་བའི་ལོ་རྒྱུས་མཇུག་འགྲིལ་ཡོད། ལོ་5འབད་འཐབ་བྱས་པ་བརྒྱུད། 2016ལོར་གྲོང་ཚོ་དེ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.9ཟིན་ཡོད་པ་རེད།།