རྡོ་རྗེ་ཐར་བཟའ་ཟླ་གཉིས་ཀྱི་དབུལ་བྲལ་ཕུགས་འདུན།
ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༩ ཚེས་ ༡

རྡོ་རྗེ་ཐར་བཟའ་ཟླ་གཉིས་ཀ་ནི་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པའི་ཆ་ནས། དབུལ་བྲལ་བྱེད་དགོས་ན་རང་ཉིད་ལ་བརྟེན་དགོས་པས། ཁོང་ཉིས་ཀའི་སྡེ་བའི་ལས་བྱེད་པའི་ལས་ཀར་གཞོགས་འདེགས་བྱས་ནས། དབུལ་བྲལ་གྱི་བགྲོད་ལམ་སྔ་མོ་ནས་བཙལ་ཐབས་བྱས། ན་ནིང་སྡེ་བའི་ནང་གི་ལས་བྱེད་པའི་རོགས་སྐྱོར་འོག ལོ་གཅིག་ལ་སྒོར་ཁྲི་གསུམ་གྱི་རིན་གོང་གིས་སྡེ་བའི་ནང་གི་ཐུན་མིན་དཔལ་འབྱོར་གྱི་བོད་ཕག་འགན་གཙང་ལེན་བྱས། ད་སྐབས་ལག་རྩལ་ཇེ་བཟང་དུ་སོང་བ་དང་བསྟུན་ནས། བོད་ཕག་ཤ་ཤེད་ཅན་གྱིས་སྒོར་སྟོང་གཅིག་ལྔ་བརྒྱའི་རིན་གོང་བཟང་བོ་ཁུག་འདུག བོད་ཕག་གསོ་སྤེལ་བཟང་བོ་བྱས་ཡོད་ནའང་། ཕྱིར་འཚོང་གི་བགྲོད་ལམ་ཇི་ལྟར་ཐག་གཅོད་བྱེད་རྒྱུ་དེ་གནད་དོན་དུ་གྱུར་འདུག
ཕྱིར་འཚོང་གི་བགྲོད་ལམ་ཡོད་དུས། ཁོས་ད་ལོར་ཁྱོན་བསྡོམས་བོད་ཕག་དོན་བརྒྱད་བཙོང་ཡོད་ལ། སྒོར་ཁྲི་དྲུག་ལྷག་གི་དཔལ་འབྱོར་ཡོང་སྒོ་རག་འདུག བོད་ཕག་སྐྱེ་འཕེལ་མགྱོགས་པ་དང་། ནར་སོན་རྒྱུ་མགྱོགས། འདི་ལས་རྡོ་རྗེ་ཐར་ལ་དབུལ་བྲལ་ཡོང་བར་རེ་བ་གསར་བ་བཅངས་ཡོད། མིག་སྔར་བོད་ཕག་གསོ་སྤེལ་བྱེད་རྒྱུའི་གཞི་ཁྱོན་རིམ་བཞིན་དུ་ཆགས་འདུག རྡོ་རྗེ་ཐར་བཟའ་ཟླ་ཉིས་ཀའི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས། དབུལ་བྲལ་གྱི་བགྲོད་ལམ་དུ་བསྐྱོད་པ་རེད།།