ཧུང་ཡོན་གྱིས་དགོན་པའི་སྒོ་འབྱེད་དོ་དམ་ལས་དོན་གྱི་ཚོགས་འདུ་འཚོགས།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༨ ཚེས་ ༢༩

ཚོགས་ཞུགས་མི་སྣ་རྣམས་ཀྱིས་རྨེ་བ་དགོན་པའི་ཁོར་ཡུག་བདག་སྐྱོང་དང་དགོན་པའི་ལྗོངས་སྐོར། དམངས་འཚོའི་རྣམ་གྲངས། སྐྱ་སེར་ལ་ཞབས་ཞུ་ལེགས་པོ། བཅའ་ཁྲིམས་ཀྱི་ཤེས་བྱ་དགོན་པར་ཁྲིད་པ། དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ནུས་པ་སྤེལ་ཚུལ་སོགས་ཀྱི་སྒོ་འབྱེད་དོ་དམ་བྱས་པའི་ལས་ཀའི་གྲུབ་འབྲས་ལ་རྟོག་ཞིབ་བྱེད་པའི་དུས་མཚུངས་སུ། ཧུང་ཡོན་རྫོང་བོད་བརྒྱུད་ནང་བསྟན་དགོན་པའི་སྒོ་འབྱེད་དོ་དམ་བྱེད་བཞིན་པའི་མ་ལག་འཁོར་སྐྱོད་གསལ་སྟོན་ལ་ལྟ་སྐོར་བྱས།
ཚོགས་འདུའི་ཐོག འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་དགོན་པའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉམས་མྱོང་སྤེལ་རེས་ཀྱི་སྐད་ཆ་བཤད་དོ།།