གཟི་རྩའི་ས་འགུལ་ལས་འདས་པོ་རྣམས་ལ་མྱ་ངན་ཞུ།

ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༨ ཚེས་ ༡༦
        ཟླ་8པའི་ཚེས་8ཉིན་གྱི་དུས་ཚོད་21དང་སྐར་19ཐོག ས་འགུལ་ཞིང་རི་གཡོས། རྡོ་ཆེན་ལྡིར་ལྡིར་དུ་འགྲིལ། གཟི་རྩ་སྡེ་དགུ་རྫོང་ལ་རིམ་པ་7.0ཅན་གྱི་ས་འགུལ་བྱུང་སྟེ། མིག་སྔར་མི་25ཤི་བ་དང་མི་500ལྷག་རྨས་ཡོད། 

        ཟླ་8པའི་ཚེས་15ཉིན་གྱི་སྔ་དྲོའི་དུས་ཚོད་10ཐོག  ཉེན་བརྡའི་དུང་སྒྲ་དང་རླངས་འཁོར་གྱི་དུང་སྒྲ་རེ་རེ་གཟི་རྩ་སྡེ་དགུ་རྫོང་མཁར་གྱི་གཞིས་གསར་རིག་གནས་ཐང་ཆེན་གྱི་བར་སྣང་དུ་བར་མེད་དུ་གྲགས་ཤིང་། ལས་བྱེད་མང་ཚོགས་སྟོང་ལྷག་དང་བཅིངས་འགྲོལ་དམག དྲག་དཔུང་ཉེན་རྟོག་གི་དཔོན་དམག་བཅས་ཀྱིས་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ནས། ཡིད་སེམས་སྐྱོ་གདུང་དྲག་པོའི་ངང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་རྣམས་ལ་མྱ་ངན་ཞུས་པ་རེད།།