གཟི་ཚ་སྡེ་དགུའི་ས་འགུལ་ཁྲོད་མི་20རྐྱེན་ལམ་དུ་ཤོར་བ་དང་མི་431ལ་རྨས་ཕོག
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༨ ཚེས་ ༡༡

གསར་འགོད་པས་ཚེས་10ཉིན་རྔ་བ་ཁུལ་སྲིད་གཞུང་མཁོ་བསྟུན་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པའི་བྱུང་པའི་གནས་ཚུལ་ལྟར་ན། ཟླ་8པའི་ཚེས་10ཉིན་གྱི་ཆུ་ཚོད་12བར་གཟི་ཚ་སྡེ་དགུའི་ཚད་རིམ་7.0ཅན་གྱི་ས་འགུལ་ཁྲོད་མི་20རྐྱེན་ལམ་དུ་ཤོར་བ(དེའི་ཁྲོད་ཡུལ་སྐོར་བ་6དང་ས་གནས་རང་གི་མི་2། ཐོབ་ཐང་ངོས་འཛིན་བྱེད་མ་ཐུབ་པའི་མི་12། གསར་དུ་འཕར་བའི་ཐོབ་ཐང་ངོས་འཛིན་བྱེད་མ་ཐུབ་པའི་མི་1བཅས་ཡོད་པ་རེད།)དང་མི་431(རྨས་ལྕི་མོ་ཕོག་མཁན་18ཡོད་པ་དང་དེའི་ཁྲོད་ཀྱི་མི་17ཁྲེང་ཏུའུ་དང་མེན་དབྱང་ལ་གནས་སྤོས་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད། རྨས་ལྕི་མོ་ཕོག་མཁན་གཅིག་ལ་ཟུང་ཆུ་རྫོང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། )ལ་རྨས་ཕོག་པ་རེད།།