ཤ་བོ་ཚེ་རྣམ་ཕ་བུའི་ཐང་ག་སྒྱུ་རྩལ་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམ་སྟོན་བྱས་པ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༨ ཚེས་ ༡༡
ཟླ་8ཚེས་9ཉིན། མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང"ཀྲུང་གོའི་བཟོ་བཀོད་མཛེས་རྩལ་དགེ་རྒན་ཆེན་མོ"ཞེས་པའི་མཚན་སྙན་ཐོབ་པའི་ཤ་བོ་ཚེ་རྣམ་དང་ཀུན་ལྡན་དར་རྒྱས་ཕ་བུ་གཉིས་ཀྱིས་བཞེངས་པའི་ཐང་ག་སྒྱུ་རྩལ་ཕུལ་བྱུང་བརྩམས་ཆོས་ཁྱོན་བསྡོམས་བརྒྱ་ལྷག་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་རེད། །

