གནོད་འཚེ་ཐེབས་པའི་མང་ཚོགས་ཀྱིས་རང་འགུལ་གྱིས་འཚོལ་སྐྱོབ་མི་སྣར་ཟ་མ་འདོན་སྤྲོད་བྱས་པ།
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༨ ཚེས་ ༡༡

སྤྱི་ཟླ་8པའི་ཚེས་10ཉིན། གཟི་ཚ་སྡེ་དགུ་རྫོང་གཙང་རྩ་གྲོང་རྡལ་གྱི་སྡེ་མིའི་རང་ཉིད་ལ་གནོད་འཚེ་ཐེབས་པའི་གནས་ཚུལ་འོག རང་འགུལ་སྒོས་སྡེ་མི་རྩ་འཛུགས་བྱས་ཏེ་འཚོལ་སྐྱོབ་མི་སྣར་རིན་མེད་ཟ་མ་འདོན་སྤྲོད་བྱསཔ་རེད། ཁོ་ཚོས་ང་ཚོའི་ཁྱིམ་ལ་ས་འགུལ་གྱིས་གཏོར་སྐྱོན་ཐེབས་པས་ཕྱིར་ཁྱིམ་དུ་ཤ་ལེན་དུ་འགྲོ་མི་ཕོད་ལ། མིག་སྔར་ང་ཚོས་འདོན་སྤྲོད་བྱེད་ཐུབ་པ་ནི་རང་ཁྱིམ་གྱི་ཞིང་སར་བཏབ་པའི་སྔོ་ཚོད་ལས་ཅི་ཡང་མེད་ཅེས་བཤད་པ་རེད།།