རང་ལྗོངས་ཀྱི་སྒོར་གཞས་སྤེལ་རེས་དང་འགྲེམས་སྟོན་འགྲན་བསྡུར་སྐབས་དང་པོ་འགོ་ཚུགས་པ།
ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༨ ཚེས་ ༡༠

རྒྱལ་ཡོངས་ཀྱི་ཐེངས་དགུ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ་འཆར་ལ་ཉེ་བས། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ལུས་སྦྱོང་བྱེད་འདོད་ཆེ་རུ་བཏང་ནས་རང་འགུལ་ངང་ལུས་རྩལ་སྦྱོང་བརྡར་བྱས་ཏེ་གཟུགས་པོའི་བྱང་ཚད་ལེགས་སུ་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཆེད། ད་ཐེངས་ཀྱི་འགྲན་བསྡུར་ནང་རང་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་དང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་སྒོར་གཞས་རུ་ཁག 19 ཡི་མི 390 ལྷག་ཙམ་ཞུགས་ཡོད། །