སི་ཁྲོན་བོད་ཁུལ་ནས་པུས་ཚིགས་བརྗེ་བའི་གཤགས་བཅོས་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། རྔ་བ་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༨ ཚེས་ ༧
        ཉེ་ལམ། རྔ་བ་རྫོང་གིས་བདེ་དབྱང་མི་དམངས་སྨན་ཁང་གི་རུས་ནད་ཚན་ཁག་གི་ཆེད་མཁས་པ་གདན་འདྲེན་བྱས་སྟེ་པུས་ཚིགས་བརྗེ་བའི་གཤགས་བཅོས་དྲུག་ལེགས་འགྲུབ་བྱུང་བ་དང་། དེའི་ཁྲོད་དུ་སི་ཁྲོན་བོད་ཁུལ་ས་གནས་ནས་ཐེངས་དང་པོའི་པུས་ཚིགས་བརྗེ་བའི་གཤགས་བཅོས་ལེགས་འགྲུབ་བྱུང་ཡོད་པ་རེད།  
        རྒྱུས་ལོན་པ་ལྟར་ན། 2016ལོའི་ཟླ་དགུ་བ་ནས་བཟུང་རྫོང་མི་དམངས་སྨན་ཁང་གིས་རུས་ཚིགས་གཅུང་ནད་ཀྱི་ནད་པར་པུས་ཚིགས་བརྗེ་བའི་གཤགས་བཅོས་ཀྱི་སྲ་ཆས་སྒྲིག་ཆས་བསྒྱུར་བཀོད་ལ་གྲ་སྒྲིག་བྱས་པ་དང་མཉམ་དུ། རྫོང་ཨུའི་རྒྱུན་ཨུའམ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ། བདེ་དབྱང་རྔ་རོགས་མཛུབ་སྟོན་ཁང་གི་མཛུབ་སྟོན་པ་བང་ཧྭ་དང་རྫོང་མི་དམངས་སྨན་ཁང་གིས་འགོ་གཙོ་གཉིས་ཀྱི་ཐེངས་མང་པོའི་འབྲེལ་གཏུགས་འོག བདེ་དབྱང་མི་དམངས་སྨན་ཁང་གིས་རུས་ནད་ཚན་ཁག་དང་འགོས་ནད་ཚན་ཁག  དུག་སེལ་མཁོ་འདོན་ལྟེ་གནས། གཤགས་བཅོས་ཁང་གི་ཆེད་མཁས་པ་དང་ནད་གཡོག་པ་མངགས་ནས་རང་རྫོང་གི་གཤགས་བཅོས་སྒྲིག་ཆས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད་བསམ་འཆར་བཏོན། 
        ཐེངས་རྗེས་མར། རྔ་བ་རྫོང་དང་བདེ་དབྱང་མི་དམངས་སྨན་ཁང་དང་རྔ་བ་རྫོང་མི་དམངས་སྨན་ཁང་གིས་རུས་ཚིགས་ནད་ཀྱི་སྨན་བཅོས་ལྟེ་གནས་འཛུགས་བསྐྲུན་བྱས་པ་བརྒྱུད་དེ་རྔ་བ་རྫོང་གི་འཕྲོད་བསྟེན་སྨན་བཅོས་ལག་རྩལ་མཐོར་འདེགས་བཏང་བ་རེད།