བོད་ལྗོངས་སུ་ཕྱོགས་མཚམས་དང་སྟེང་འོག་འབྲེལ་བའི་འགྲིམ་འགྲུལ་གྱི་དྲ་བ་ཞིག་ཆགས་ཡོད།

ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༢༠
                             སྤྱི་ཟླ་7པའི་ཚེས་16ཉིན་པར་བླངས་པའི་ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན།  ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་བར་བརྟེན་བོད་ལྗོངས་ཀྱིས་འགྲིམ་འགྲུལ་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་བཏང་བས་སྤུས་ཚད་ལྡན་པའི་འཕོ་འགྱུར་བྱུང་ཡོད།  དེང་གི་ཆར་ལྗོངས་ཡོངས་སུ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་དྲ་གཟུགས་རྣམ་པའི་འགྲིམ་འགྲུལ་མ་ལག་ཐོག་མར་ཆགས་ནས།  ལམ་རྒྱ་ཆེ་ཞིང་ཚད་གཞི་ལྡན་པའི་འགྲིམ་འགྲུལ་དོ་དམ་ནི་བོད་ལྗོངས་ཡུན་རིང་འཕེལ་རྒྱས་ཡོང་བ་དང་ཡུན་རིང་བདེ་འཁོད་ཡོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད།།