2017ལོའི་དཀར་མཛེས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
ཡོང་ཁུངས།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༨
2017ལོའི་དཀར་མཛེས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་དེ་སྤྱི་ཟླ་7པའི་ཚེས་13ཉིན་ལ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཚོགས་འདུའི་སྟེང་2017ལོའི་སི་ཁྲོན་དཀར་མཛེས་ཡུལ་ཁམས་ཀྱི་ཡུལ་སྐོར་དུས་སྟོན་འོས་སྦྱོར་བྱས་ཤིང་། འཕྲིན་སྦྱོར་སྡེ་ཁག་དང་ཁེ་ལས། སྤྱི་ཚོགས་ཚོགས་པ་སོགས་ཀྱིས་རང་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་བབ་ཡག་པོ་དང་ཉེ་བའི་ལོ་འགའི་རིང་གི་ཁུལ་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་འོས་སྦྱོར་བྱས་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2017ལོའི་སི་ཁྲོན་དཀར་མཛེས་ཀྱི་ཡུལ་ཁམས་ཡུལ་སྐོར་དུས་སྟོན་ནི“1+6+N”ཡི་བསམ་བློ་ལྟར་རྩ་འཛུགས་ལག་བསྟར་བྱས་པ་ཡིན་ལ། སྤྱི་ཟླ་8པའི་ཚེས་13ནས་14ཉིན་འདབ་པ་རྫོང་ནས་འགོ་ཚུགས་རྒྱུ་རེད།།