དཀར་མཛེས་ཀྱི་ལས་ཞུགས་དབུལ་སྐྱོར་གྱི་ལས་མི་བསྡུ་བའི་ཚོགས་འདུ་དར་མདོར་འཚོགས་པ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༧ ལོའི་ཟླ་ ༧ ཚེས་ ༡༧
        ཉེ་ལམ། སི་ཁྲོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ཀོང་ཏུང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། དཀར་མཛེས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། དམར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“ལས་ཞུགས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་དབུལ་སེལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་།”ཞེས་པའི་ལས་ཞུགས་དབུལ་སྐྱོར་གྱི་ཡུལ་དངོས་སུ་ལས་མི་བསྡུ་བའི་(དར་མདོའི་ཆེད་དོན་ཡུལ་དངོས)ཚོགས་འདུའི་བྱེད་སྒོ་དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ཐང་ཆེན་དུ་སྤེལ། རྒྱུས་ལོན་བྱུང་བ་ལྟར་། ཐེངས་འདིའི་ལས་མི་བསྡུ་བའི་ཚོགས་འདུའི་སྟེང་ཀོང་ཏུང་དང་ཁྲེང་ཏུའུ། ཏེ་དབྱང་སོགས་ཀྱི་ལས་ཁུངས་79ཡིས་ལས་གནས་4220འདོན་སྤྲོད་བྱས་ཤིང་། ལས་གནས་དེ་དག་ལ་ལག་རོགས་པ་དང་བདེ་སྲུང་། མི་ཤུགས་ཐོན་ཁུངས། ཁ་ལོ་བ། ཞིག་གསོ་བ་སོགས་ཀྱི་ལས་རིགས་སྣ་ཚོགས་འདུས་པ་རེད། །